ཟླ1པའི་ཚེས9ཉིན། རྐང་ཚ་རྫོང་མཚོ་སྔོན་པོའི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མཚོ་སྔོན་པོ་ལ་སྐོར་སྲུང་བྱེད་བཞིན་ཡོད་པ་དང་། དགུན་གྱི་དུས་སུ། རྒྱུན་པར་མཚོ་སྔོན་པའི་འགྲམ་བརྒྱུད་དུ་དྲོད་ཚད་ཀོར་ཐིག་མན་གྱི་ཏུའུ20རུ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་སྔོན་པོའི་མངགས་གཏོང་ཁང་གི་ཉེན་རྟོག་པས་ཁ་ཆར་བུ་ཡུག་ལ་མ་འཛེམ་པར་མཚོ་འཕང་རྨིད3000ཡིན་པའི་མཚོ་སྔོན་པའི་འགྲམ་བརྒྱུད་དུ་སོང་ནས། དུས་བཀག་ལྟར་རི་དང་མཚེའུ་ལ་སྐོར་ཞིབ་བྱས་ཏེ་ཁྲིམས་འགལ་གྱིས་གསེར་ཉ་འཛིན་པ་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་དགོས་པ་དང་། སྐོར་གཡེང་དང་ལས་འགན་སྒྲུབ་སའི་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས། ནམ་ཡང་འགན་འཁྲི་ཕྲག་ཏུ་འཁུར་ཏེ་མཚོ་སྔོན་པོ་ལ་སྲུང་སྐྱོབ་བྱེད་དགོས།
ཏིང་འཛིན་མཚོ་མོས་བསྒྱུར།