ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་ལ་རྒྱལ་ཡོངས་དཔེ་ལེགས་ཁྲིམས་ཁང་གི་གཟི་བརྗིད་མཚན་སྙན་ཐོབ།
2025.01.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 79

 ཟླ1ཚེས13ཉིན་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་མཐོ་རིམ་ཁྲིམས་ཁང་གི་འགོ་གཙོའི་ཚོགས་འདུ་དང་རྒྱལ་ཡོངས་ཁྲིམས་ཁང་གི“དཔེ་ལེགས་གཉིས”ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་ལ་རྒྱལ་ཡོངས་ཀྱི་དཔེ་ལེགས་ཁྲིམས་ཁང་གི་གཟི་བརྗིད་མཚན་སྙན་གནང་།

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་དཔྱད་འདེམས་ཁྲོད་རྒྱལ་ཡོངས་ཀྱི་ཁྲིམས་ཁང40ལ་གཟི་བརྗིད་མཚན་སྙན་དེ་ཐོབ་པ་དང་། ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་ཁྲིམས་ཁང་གཅིག་པུ་རེད། ཉེ་བའི་ལོ་ཤས་རིང་། ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཏང་འཛུགས་སྐྲུན་སྤྱི་འདོམས་སུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་གྱི་ལས་དོན་དང་ལས་སྒོའི་ལས་དོན་མཉམ་འདྲེས་བྱེད་པར་ཤུགས་བསྣན་ཏེ།   ཏང་འཛུགས་སྐྲུན་གྱི་སྤུས་རྟགས་གཏོད་པ་དང་།   སྐོར་སྐྱོད་འདྲི་གཅོད་དང་མི་རིགས་མཐུན་སྒྲིལ། ལག་བསྟར་འགག་སྒྲོལ་བཅས་ཀྱི་ཐད་ནུས་པ་གལ་ལེན་བཏོན།   ཞུ་གཏུག་མེད་པའི་སྡེ་བའི་དཔེ་སྟོན་ས་ཚིགས”ལ་དམིགས་ཏེ།  ལོ་རེར་སྐོར་སྐྱོད་འདྲི་གཅོད་ཐེངས8བྱས་པ་དང་། གཞི་རིམ་དུ་ཟབ་ཞུགས་དང་མང་ཚོགས་ལ་ཞབས་འདེགས་ཞུས་ཤིང་།  “སེ་འབྲུའི་འདུམ་འགྲིག་ཁང”ལ་དམིགས་ཏེ། གྲངས་ཉུང་མི་རིགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་འདུམ་འགྲིག་དང་སྒྲུབ་གཉེར་གཏིང་ཟབ་བྱས་པ་དང་། ལོ་རེར་ཆ་སྙོམས་ཀྱིས་གྱོད་གཞི400འདུམ་འགྲིག་བྱས།   “ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པར”དམིགས་ཏེ། མཐོ་གནོན་ཟིལ་གནོན་གྱི་རྣམ་པའི་ཐོག་ནས་དོ་བདག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཁྲིམས་འཛིན་གྱི་ལྷག་བསམ་རྣམ་དག་གི་བསམ་པ་བཅངས་ནས“མཚོ་སྔོན་གྱི་ལྷོ་སྒོ”སྲུང་སྐྱོང་དང་།  མི་དམངས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས།

ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་ལ“རྒྱལ་ཡོངས་ཀྱི་དཔེ་ལེགས་ཁྲིམས་ཁང” གི་མཚན་སྙན་འདི་ཐོབ་པ་ནི་འདས་སོང་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་བླངས་པར་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཡིན་ལ།   མ་འོངས་པའི་ལས་དོན་ལ་སྐུལ་ལྕག་ནུས་ལྡན་བཏང་བ་ཞིག་ཀྱང་རེད། དེ་དང་ཆབས་ཅིག་གཟི་བརྗིད་མཚན་སྙན་དེ་ལས་ནང་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་དུས་ཡུན་རིང་པོའི་ནང་ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་ཁེ་དབང་འགན་ལེན་བྱེད་པ་སོགས་ཀྱི་ཐད་བྱས་རྗེས་ཆེན་པོ་བཞག་པ་མཚོན་ཡོད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།