ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
2025.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་བ་དང་རྩ་འཛུགས་ཞིབ་མོ་བྱས་ནས། ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་དང་ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་མ་ཟད། སྡེ་ཁག་སོ་སོའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་པར་བཀོད་སྒྲིག་བཟང་བོ་བྱས་པ་དང་། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་ལེགས་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་བཞག

སྡེ་ཁག་སོ་སོས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས2024ལོའི་བྱ་བ་སྤྱི་སྡོམ་ཆ་ཚང་བྱས་པ་དང་། མིག་སྔར་གྱི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ལ། 2025ལོའི་བྱ་བ་བཟང་བོར་བསྒྲུབ་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་བྱ་བའི་རེ་བ་བཏོན། བསམ་བློ་དང་བྱ་སྤྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་རེ་བ་གསར་བ་དང་བཀོད་སྒྲིག་གསར་བ། བྱེད་ཐབས་གསར་བར་ཕྱོགས་ཡོངས་ནས་སློབ་སྦྱོང་རྒྱུས་ལོན་བྱེད་པ་དང་གོ་བ་ཡང་དག་དང་ཆ་ཚང་ལེན་པ། མ་ལག་ལྡན་པའི་སྒོ་ནས་ཇུས་འགོད་བྱེད་པ། དངོས་སྒྲུབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དབྱང་ཡུང་ཧྲུན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། རྒྱལ་དོན་གལ་ཆེན་ཡིད་ལ་བརྟན་པོར་འཛིན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ། དེང་རབས་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་མ་ལག་མྱུར་དུ་འཛུགས་རྒྱུའི་དམིགས་འབེན་ལ་དམིགས་ནས། གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་དྲ་རྒྱ་འཛུགས་སྐྲུན་བྱེད་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་བ། ཚན་རྩལ་ནུས་སྤེལ་དང་གྲངས་རིག་རིམ་སྤོར་ལ་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཞབས་ཞུའི་འདེགས་སྐྱོར་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱས་ཏེ། མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་བྱས་སྟོབས་ཤུགས་འབུལ་དགོས།

མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་སྡེ་གྲོང་འཛུགས་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲུའུ་ཡན་མེན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་རྒྱུན་མ་ཆད་པར་ལེགས་བསྒྱུར་བྱེད་པ། སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་བེད་སྤྱོད་ལ་གཅིག་འདོམས་བྱེད་པ། གཙང་སེལ་གསུམ་དང་བསྒྱུར་བཀོད་གསུམ་རྒྱུན་རྣམ་ཅན་དུ་སྤེལ་བ། འཚོ་བའི་གད་སྙིགས་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་བ། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བསྒྱུར་བྱེད་པ། གྲོང་གསེབ་འཛུགས་སྐྲུན་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་ནས། བབ་སྡོད་ལས་བརྩོན་གྱི་ཞི་མཛེས་གྲོང་གསེབ་གསར་སྐྲུན་བྱེད་རྒྱུ་ཡིན།

ཀྲུང་གོ་ཐེན་ཐུང་མཚོ་སྔོན་ཡན་ལག་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། སྤྱི་གཉེར་བ་ཐུང་ཆིན་ཅུན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་རེ་བ་ལྟར། རང་འགུལ་གྱིས་མཚོ་སྔོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་། ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་པ་འཛུགས་པའི་བརྒྱུད་རིམ་ཁྲོད་ཟབ་ཞུགས་བྱེད་པ། མཚོ་སྔོན་གྱི་ལྗང་གློག་རིག་རྩིས་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་ཀྱི་མིང་བྱང་རྒྱུན་མཐུད་ངང་དྲིལ་སྒྲོག་བྱེད་པ། ཤུགས་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་རྒྱལ་ཐོན་རྩིས་ནུས་ཐོན་ལས་ཕྲེང་འབྲེལ་འཛུགས་པ་དང་གློག་རྩིས་མཉམ་བསྲེས་ཚོད་ལྟ་ཁང་འཛུགས་པ། གཞི་གྲངས་རྒྱུ་རྐྱེན་གཙོ་བོའི་གསར་གཏོད་ཚོད་ལྟ་ཁང་འཛུགས་པ། རྩིས་ནུས་རིག་འབྲེལ་དྲ་རྒྱ་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཡོངས་སྔོན་གྲས་ཀྱི་རྩིས་གློག་མཉམ་བསྲེས་དཔེ་སྟོན་ར་བ་གསར་སྐྲུན་བྱས་ནས། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་ཆེད་ལེན་ཐུང་གི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

རིན་ཆེན་མཚོས་བསྒྱུར།