ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་བྱ་བའི་གྲོས་ཚོགས་བསྡུས།
2025.01.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 40

ཟླ1ཚེས23ཉིན། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས2024ལོའི་ཁྲལ་དོན་བྱ་བ་ཕྱོགས་བསྡོམས་བྱས་པ་དང་། མིག་སྔར་མདུན་དུ་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་བྱས་ནས2025ལོའི་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། 2024ལོར། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་མ་ལག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུངགི་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཁྲལ་གྲོན་སྲིད་ཇུས་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱས་ལ། དེའི་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཁེ་ལས་དང་བཟོ་སྐྲུན་ལས་རིགས། ཁེ་ལས་ཆུང་འབྲིང་། དམངས་གཉེར་དཔལ་འབྱོར་སོགས་ལ་ཁེ་ཕན་མངོན་གསལ་ཐོབ་ཡོད། ལས་ཆོད་མཐོན་པོས་བྱ་བ་གཅིག་ཡོངས་འགྲུབ་བྱེད་པར་དམིགས་ནས། མཚོ་སྔོན་གྱི་ཁེ་ལས་དང་དམངས་ལ་ཕན་པའི་བྱེད་ཐབས་དོན་ཚན108དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། ཁྱད་ལྡན་ཚོང་རྟགས་མང་པོ་བསྐྲུན། མཚོ་སྔོན་ཞིང་ཆེན་གྱི་ཁྲལ་གྲོན་ཞབས་ཞུ་དང་གཞུང་བསྡུ་དོ་དམ་འགན་སྲུང་བྱེད་ཐབས་བཏོན་ནས། ཆུའི་ཐོན་ཁུངས་ཀྱི་ཁྲལ་བཅོས་སྒྱུར་བྱ་བར་བརྟན་པོའི་ངང་སྐུལ་འདེད་བཏང་། གཞི་གྲངས་གློག་རྡུལ་པ་སེ་བཙོངས་པའི་ཁེབས་ཚད་བརྒྱ་ཆའི་གོ་བརྒྱད་ཡན་ལ་སླེབས། ཁྲལ་གྲོན་གཞི་གྲངས་དགེ་མཚན་གཅིག་སྡུད་བྱས་ནས། ཁྲལ་གྲོན་མཉམ་འགུལ་དོན་དག་གི་རིག་ནུས་མཉམ་འགུལ་ལ་སྐུལ་འདེད་བཏང་ལ།  རིམ་སྤོར་ཞབས་ཞུའི་དོ་དམ་ལས་གཞི་གཙོ་བོ24དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་དང་། མཚོ་སྔོན་ཁྲལ་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ལྡན་ཚོང་རྟགས་སུ་གྱུར།

2025ལོར། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་སྡེ་ཁག་གིས་བརྟན་ཐོག་ཡར་འཕར་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ཁྲལ་དོན་ལག་ལེན་གསར་བར་སྐུལ་འདེད་གཏོང་བ་དེ་གཙོ་ཐིག་ཏུ་བྱེད་པ། ཆུ་ཚད་མཐོ་བའི་སྒོ་ནས་ནུས་ལྡན་ཁྲལ་དོན་འཛུགས་སྐྲུན་བྱེད་པ་དེ་དམིགས་འབེན་དུ་བརྩི་བ། སྐོར་ཞིབ་རྩིས་བཤེར་ལེགས་སྒྲིག་དངོས་འབེབས་བྱེད་པ་དེ་གོ་སྐབས་སུ་བརྩི་བ། ཁྲལ་དོན་ཁྱབ་ཁོངས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དེ་སྒུལ་ཤུགས་སུ་བརྩིས་ནས། གཞི་གྲངས་ཅན་ཚུར་སྒྱུར་གྱི་ཆ་རྐྱེན་འོག་གི་ཁྲལ་གྲོན་བསྡུ་ལེན་དོ་དམ་གྱི་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱེད་ལ། ཁྲིམས་ལྟར་ཁྲལ་དོན་བཅོས་སྐྱོང་བྱེད་པ་དང་གཞི་གྲངས་ལ་བརྟེན་ཁྲལ་དོན་བཅོས་སྐྱོང་བྱེད་པ། ཁྲལ་དོན་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་རྨང་གཞིའི་འཛུགས་སྐྲུན་དང་གཞི་རིམ་འཛུགས་སྐྲུན་སྲ་བརྟན་དུ་གཏོང་བ་དང་མུ་མཐུད་མདུན་སྐྱོད་བྱས་ཏེ། ཁྲལ་བསྡུ་ཞབས་ཞུའི་ཡིད་ཚིམ་ཚད་དང་དོ་དམ་གྱི་གནད་འཁེལ་ཚད་སོགས་ཁྲལ་བསྡུའི་བཅོས་སྐྱོང་ཕན་འབྲས་མཐོར་འདེགས་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་ཁྲལ་དོན་སྟོབས་ཤུགས་འབུལ་དགོས།

ལྷ་མོ་འཚོས་བསྒྱུར།