ཟླ1ཚེས6ཉིན་ནས་ཚེས24ཉིན་བར། ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡིས་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ལ་མཉམ་འབྲེལ་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་བྱེད་པ་རྒན་པའི་སློབ་ཆེན་དང་ལས་བྱེད་པ་རྒན་པའི་བྱ་འགུལ་ལྟེ་གནས་སོགས་ཀྱི་ལས་བྱེད་པ་རྒན་པའི་དང་བླངས་ཞབས་ཞུ་རུ་ཁག་རྩ་འཛུགས་བྱས་ཏེ་ཟི་ལིང་གྲོང་ཁྱེར་གྱི་གཞིས་ཁུལ་སྐོར་ཞིག་གི་མཉམ་སྤྱོད་གཡུལ་སར་སོང་ནས་ལོ་སར་ལ་སྨོན་འདུན་ཞུ་བའི་བྱ་འགུལ་སྤེལ། བྱ་འགུལ་ཁྲོད། ལས་བྱེད་པ་རྒན་པའི་དང་བླངས་པ་བཞི་བཅུ་ལྷག་གིས་ལོ་གསར་གྱི་ཆ་ཡིག་བྲིས་ནས་སྨོན་འདུན་ཞུ་བ་དང་ལོ་གསར་གྱི་གོམས་སྲོལ་གླེང་ནས་ལོ་སར་ལ་སྨོན་འདུན་ཞུ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བ་དང་། དུས་རབས་གསར་པའི་མཛེས་སྡུག་འཚོ་བར་བསྔགས་བརྗོད་བྱས།
སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ་ཁྲིན་ཐའེ་གཞིས་ཁུལ་དང་མཁར་དཀྱིལ་ཁུལ་ཞང་ཀི་ལིས་ལ་གཞིས་ཁུལ། མཁར་བྱང་ཁུལ་ཧའེ་ཧུའུ་ཟམ་པའི་གཞིས་ཁུལ་ནུབ་མ་བཅས་སུ། ལོ་གསར་གྱི་ཆ་ཡིག་བྲིས་ནས་སྨོན་འདུན་ཞུ་བའི་བྱ་འགུལ་སྤེལ་བ་དང་། ལས་བྱེད་པ་རྒན་པའི་དང་བླངས་པ་ཚོས་མཛེས་སྡུག་གི་རེ་སྨོན་གྱི་ཁེངས་པའི་ལོ་གསར་གྱི་ཆ་ཡིག་མང་པོ་བྲིས། དེ་དང་མཉམ་དུ། ལས་བྱེད་པ་རྒན་པའི་དང་བླངས་པས་ཡུལ་དངོས་ནས་གཞིས་ཁུལ་གྱི་ན་གཞོན་ལོ་ཆུང་རྣམས་ལ་ཡིག་གཟུགས་འབྲི་རྩལ་གྱི་འགྲེལ་བཤད་དང་མཛུབ་སྟོན་བྱས།
དེ་འདྲའི་བྱ་འགུལ་ད་དུང་རྟ་ཐང་རྫོང་ཆའོ་ཐི་གྲོང་རྡལ་ཞའོ་ཧྲི་ཧྲན་གཞིས་ཁུལ་དང་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཏུང་ཞིན་གཞིས་ཁུལ། ཧོང་ཀྲུང་ཆུའུ་ལེན་ཧུའུ་གཞིས་ཁུལ། མཁར་ནུབ་ཁུལ་ཧུའུ་ཐའེ་གཞིས་ཁུལ། མཁར་ཤར་ཁུལ་ཁང་ཞི་གཞིས་ཁུལ་བཅས་ནས་འཕྲོ་རིམ་འཕྲོར་སྤེལ། ཐེངས་འདིའི་བྱ་འགུལ་ཁྲོད། ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་བྱེད་པ་རྒན་པའི་དང་བླངས་པའི་ཞབས་ཞུ་རུ་ཁག་བསྡོམས་པས་གཞིས་ཁུལ་བརྒྱད་ལ་སོང་ནས། ལོ་གསར་གྱི་ཆ་ཡིག་སྟོང་གསུམ་ལྷག་དང་། ཡིག་རིས་བརྩམས་ཆོས་བརྒྱ་དང་བཞི་བཅུ་ལྷག་བྱིན།
རིན་ཆེན་མཚོས་བསྒྱུར།