ཟླ1ཚེས24ཉིན། ཞིང་ཆེན་ཡོངས་ཀྱི་ཚོང་དོན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ནས། 2024ལོའི་བྱ་བར་ཕྱོགས་བསྡོམས་བྱས་པ་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། 2025ལོའི་བྱ་བ་དང་ལས་འགན་ལ་དབྱེ་ཞིབ་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། 2024ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་གཅིག་རེད། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་བསིལ་ཚོང་ཡོང་འབབ་སྒོར་ཐེར་ཆེན་དགུ་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལ་སླེབས་པ་དང་། འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ། འདྲེན་གཏོང་བསྡོམས་འབོར་སྒོར་ཐེར་འབུམ་དྲུག་ལས་ཐོད་བརྒལ་བྱས་ལ། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་གཉིས་ལས་འཕར་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་བཅོ་བརྒྱད་དང་གྲངས་ཆུང་གཉིས་ཀྱིས་མཐོ་ཞིང་། འདྲེན་གཏོང་མྱུར་ཚད་འཕར་ནས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་ཕྱིར་གཏོང་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།
གྲོས་ཚོགས་ལས་རིགས་གསར་བའི་འཛད་སྤྱོད་གསོ་སྤེལ་འཛད་སྤྱོད་ཁོར་ཡུག་གསར་གཏོད་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། གཞི་གྲངས་ཀྱིས་ཞིང་སྡེའི་ཚོང་ལས་ལ་སྟོབས་ནུས་སྦྱིན་པ་དང་ཞིང་ལས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། སྤུས་ལེགས་གློག་རྡུལ་ཚོང་དོན་དར་སྤེལ་གཏོང་བའི་འགུལ་སྐྱོད་སྤེལ་བ། ས་གནས་རང་གི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་མགྱོགས་མྱུར་ངང་སྐྱེད་སྲིང་བྱས་ནས། ཁུལ་ཁོངས་ཀྱི་བར་ཁྱད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚོང་འགུག་དངུལ་འདྲེན་གྱི་བཟོ་སྐྲུན་གཙོ་བོ་ལག་བསྟར་བྱས་ཏེ། དབུས་ཤར་རྒྱུད་ཀྱི་ཐོན་ལས་བརྒྱུད་སྤྲོད་དང་ལེན་བྱེད་པ། ཚོང་ཁང་ཐོག་མ་དང་སྒྲོག་སྤེལ་ཐོག་མ། འགྲེམ་སྟོན་ཐོག་མ། འགྲེམ་སྤེལ་ཐོག་མ་བཅས་དང་། མིང་གྲགས་ཅན་གྱི་རླངས་འཁོར་ཚོང་རྟགས། རྒྱལ་སྤྱིའི་མིང་གྲགས་ཅན་གྱི་ཚོང་ལས་འབྲེལ་མཐུད་ཚོང་རྟགས་བཅས་ནང་འདྲེན་བྱེད་ཤུགས་ཇེ་ཆེར་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཕྱིའི་གྲུ་ཁའི་ཁུལ་ཁོངས་མཉམ་ལས་ཟབ་སྤེལ་བྱེད་པ། ཚོང་དོན་གྱི་གཟའ་འཁོར་གཉིས་ཀྱི་སྒོར་ལྕོག་ཚོགས་འདུའི་དམངས་ལ་ཕན་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚོང་དོན་ལས་བྱེད་པའི་ནུས་པ་འགག་སྒྲོལ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་པ། བྱེད་ཐབས་གསར་གཏོད་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པ་དང་། ཁ་སིམ་རྣམ་པའི་འཁོར་རྒྱུག་ལ་དོ་སྣང་བྱས་ཏེ་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་བླང་བྱ་བཏོན།
ལྷ་མོ་འཚོས་བསྒྱུར།