2025ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཅུའུ་ཀྲང་གི་གྲོས་ཚོགས་བསྡུས།
2025.01.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 44

ཟླ1ཚེས24ཉིན། 2025ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཅུའུ་ཀྲང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང2024ལོའི་བྱ་བར་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་ནས། 2025ལོའི་ལས་འགན་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། 2024ལོར། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་དམིགས་ནས། སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས། བདེན་སྲུང་གསར་གཏོད། མཉམ་འདྲེས་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱས་པ་དང་། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ནུས་མཐོར་འདེགས། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཕན་ནུས་ལྡན་པ། རིག་གནས་ཡུལ་སྐོར་ཚོང་རྟགས་མིང་གྲགས་ཇེ་ཆེར་གྱུར་བ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་སྤུས་ནུས་མཐོར་འདེགས་བཏང་། ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་པ་མི་ཐེངས་བྱེ་བ་ལྔ་དང་ས་ཡ་གསུམ་འབུམ་བདུན་དང་ཁྲི་བརྒྱད་སྟོང་གསུམ་སྣེ་ལེན་བྱས་ནས།  ཡུལ་སྐོར་ཡོང་འབབ་ཁྱོན་བསྡོམས་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་གཅིག་དུང་ཕྱུར་དྲུག་དང་བྱེ་བ་ལྔ་དང་ས་ཡ་དགུར་སླེབས་པ་དང་། ཆ་སྙོམས་ཀྱིས་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ཉི་ཤུའི་ཡན་འཕར་ཡོད།

གྲོས་ཚོགས་སྟེང་བྱ་བའི་ཁྲོད་ཀྱི་མི་འདང་ས་དང་ཞན་སར་དབྱེ་ཞིབ་ཟབ་མོ་བྱས་པ་དང་། གནས་བབ་དམ་འཛིན་བྱས་ནས་གནད་དོན་ལ་དོ་སྣང་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རིག་གནས་ལྔ་སྐྱེད་སྲིང་དང་དར་སྤེལ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས2025ལོར་བརྟན་ཐོག་ཡར་འཕེལ་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་གཏོང་བ། བདེན་སྲུང་གསར་གཏོད། སྔོན་འཛུགས་རྗེས་གཏོར་བཅས་རྒྱུན་འཁྱོངས་བྱེད་པ་དང་། དམིགས་འབེན་ལས་འགན་ལ་དམིགས་ནས། རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་ཐིག་རྒྱུན་འཁྱོངས་བྱེད་པ་དང་། ཏང་འཛུགས་ཁྲིད་སྟོན་དང་བཅོས་སྒྱུར་སྣེ་ཁྲིད། ཐོན་ལས་སྐུལ་ཁྲིད། དངོས་སྒྲུབ་བརྩོན་ལེན་བཅས་གཙོ་གནད་བཞི་འབུར་དུ་ཐོན་པར་བྱེད་པ། འཆར་འགོད་སྲིད་ཇུས་མ་ལག་འཐུས་ཚང་འཛུགས་པ་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་གཏོང་བ། སྤྱིའི་རིག་གནས་ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བ་དང་། རི་གནས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ཤུགས་སྣོན་པ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལེགས་པོ་བྱེད་པ།  རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རིག་གནས་ཡུལ་སྐོར་ཚོང་རྟགས་བསྐྲུན་པ། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། ནུས་ཤུགས་ཡོད་རྒུས་འཇོན་མིའི་དཔུང་སྡེ་ནུས་ལྡན་སྒྲིག་འཛུགས་བྱེད་པ་སོགས་ཀྱི་བྱ་བ་བཅུ་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན།

ལྷ་མོ་འཚོས་བསྒྱུར།