ཉེ་བའི་ལོ་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས“སྨན་པའི་སེམས་པ་ཏང་ལ་ཕྱོགས་ནས་བདེ་ཐང་དང་དམངས་ལ་ཕན་པའི”ཏང་འཛུགས་སྐྲུན་ཟོང་རྟགས་བྱེད་ཐབས་སུ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྒྲིག་བྱ་བ་གཞི་འཛིན་སར་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་བྱེད་པ་དང་། ཏང་ཀྲི་པུའུ་ཡི་གཞི་རིམ་བཙན་རྫོང་ནུས་པ་སྟོབས་ཆེར་གཏོང་བ། སྨན་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ། མངའ་ཁོངས་ཀྱི་མང་ཚོགས་ལ་བློ་ཡིད་ཚིམ་པའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་ཡོད།
མཁར་དཀྱིལ་ཁུལ་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་སྨན་བཅོས་ཁེ་དབང་འགན་སྲུང་བྱ་རྒྱུ་ཨང་དང་པོར་བཞག་ནས་དམངས་ལ་སྟབས་བདེའི་བགྲོད་ལམ་བཏོད་པ། སྨན་བཅོས་བརྒྱུད་རིམ་དང་སྨན་བཅོས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་རྐྱེན་སྲོལ་ལ་བརྟེན་ནས་རིམ་པ་དབྱེ་བའི་སྨན་བཅོས་ཐབས་ལམ་བདེ་བླག་གིས་བསྐྲུན་ཡོད། སྨན་བཅོས་ཐོན་ཁུངས་རྒྱ་ཆེར་གཏོང་བ་དང་། ཆ་འཕྲིན་ཅན་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྤེལ་བ་བརྒྱུད། མང་ཚོགས་ཀྱི་སྨན་བཅོས་དང་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ནས། ཧུར་ཐག་གིས“ཁྱེད་རང་གིས་མངག་ཐོ་ཉོས་ན་ངས་ཞབས་འདེགས་ཞུ་དགོས”ཞེས་པའི་རང་གཤིས་ཅན་གྱི་སྨན་བཅོས་ཞབས་ཞུ་དངོས་དང་ལེགས་པར་འབད་བརྩོན་བྱས་ཏེ། སྨན་བཅོས་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ་དང་། སྨན་བཅོས་བརྒྱུད་རིམ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། འཕྲོད་བསྟེན་བདེ་ཐང་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཤ་བོ་རིན་མཚོས་བསྒྱུར།