མཚོ་བོད་སྡེ་ཚོགས་ཀུང་ཟི་ཡིས་ནུས་ཤུགས་ཡོད་རྒུས་ལོ་གསར་སྐབས་ཀྱི་འཚོ་བའི་དངོས་རྫས་སྐྱེལ་འདྲེན་ལ་འགན་སྲུང་བྱས།
2025.01.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

ཉེ་ཆར། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀུང་ཟི་ཡིས་ནུས་ཤུགས་ཡོད་རྒུས་འཚོ་བའི་དངོས་རྫས་སྐྱེལ་འདྲེན་གྱི་འགན་སྲུང་བྱ་བ་སྒྲུབ་པ་དང་། མཚོ་བོད་མཐོ་སྒང་ས་ཁུལ་གྱི་མང་ཚོགས་ཀྱིས་སྤྲོ་དགའ་དང་འཆམ་མཐུན་ངང་ལོ་གསར་རོལ་བར་རྒྱབ་སྲུང་བརྟན་པོ་འདོན་སྤྲོད་བྱས། མིག་སྔར། ཉིན་རེའི་ཟོག་དངོས་འདོན་འཇུག་བྱེད་ཚད་ཏུན་འབུམ་གཅིག་དང་ཁྲི་བདུན་སྟོང་གཉིས་དང་ལྔ་བརྒྱར་སླེབས་པ་དང་། དངོས་རྫས་མགྱོགས་མྱུར་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱས་ནས། དུས་ལྟར་ས་གནས་སོ་སོར་སྐྱེལ་འདྲེན་བྱས།

དངོས་རྫས་སྐྱེལ་འདྲེན་བདེ་འཇགས་ལ་འགན་ལེན་བྱ་ཆེད། མཚོ་བོད་སྡེ་ཚོགས་ཀུང་ཟི་ཡིས་སྐྱེལ་འདྲེན་ལམ་བར་གྱི་བདེ་འཇགས་ཞིབ་བཤེར་ལ་ཤུགས་བསྣན་པ་དང་། ཆེད་ལས་ལག་རྩལ་མི་སྣ་བཀོད་སྒྲིག་བྱས་ནས་མེ་འཁོར་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པར་མ་ཟད། ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་ཟོག་དངོས་སྐྱེལ་འདྲེན་གྱི་བརྒྱུད་རིམ་ཧྲིལ་བོར་དུས་ལྟར་ལྟ་རྟོག་བྱས་པ་དང་། འཚོ་བའི་ཟོག་དངོས་ཚང་མ་བདེ་འཇགས་ངང་དུས་ལྟར་དམིགས་སར་འབྱོར་བར་ཁག་ཐེག་བྱས། ཐེངས་འདིའི་ཟོག་དངོས་སྐྱེལ་འདྲེན་འགན་སྲུང་ཁྱབ་ཁོངས་སུ་འོ་མ་དང་ལྭ་བ་སོགས་རིགས་སོ་སོའི་འཚོ་བའི་ངེས་མཁོ་ཡོ་བྱད་འདུས་ལ། དངོས་རྫས་འདང་ངེས་འདོན་སྤྲོད་བྱས་ནས་ཁྲོམ་རའི་དངོས་གོང་གཏན་འཇགས་བྱས་པ་དང་། མཐོ་སྒང་ས་ཁུལ་གྱི་མང་ཚོགས་སེམས་སྐྱིད་པོའི་ངང་ལོ་གསར་རོལ་དུ་བཅུག

ལྷ་མོ་འཚོས་བསྒྱུར།