མཚོ་ཤར་གྱིས་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཡོང་འབབ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་བརྒྱད་ས་ཡ་གཉིས་མངོན་འགྱུར་བྱུང་།
2025.01.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 23

ཟླ1ཚེས24ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་གྱི་ཚོགས་ཆེན་གཉིས་ནས་རྒྱུས་ལོན་པ་ལྟར་ན། ན་ནིང་མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་ཡོངས་ཀྱི་ཐཱན་མེད་པའི་རྩིས་ནུས་ཐོན་ལས་དཔེ་སྟོན་ཁུལ་བསྐྲུན་པ་དང་། ཁྲག་ཁྲིག་རིམ་པའི་གཞི་གྲངས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ནས།    ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་བཏོན་པ་དང་། ཅིན་ཧྲན་སྤྲིན་རྩིས་ལྟེ་གནས་སོགས་ལས་གཞི་དྲུག་བསྐྲུན་ནས་འཁོར་སྐྱོད་བྱས་ལ། ཚད་ལྡན་འཕྲུལ་ཆས་འཁོར་སྒྲོམ་ཁྲི་གཅིག་དང་བཞི་བརྒྱ་གྱ་གཅིག་གསར་དུ་བསྐྲུན་ཟིན་ལ།    ཚད་ལྡན་འཕྲུལ་ཆས་འཁོར་སྒྲོམ་ཁྲི་དྲུག་དང་སྟོང་གསུམ་བསྐྲུན་ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་67.7%ཟིན་པ་དང་། རྩིས་ནུས3824Pགསར་དུ་བསྣན་ནས་ལྡབ་གཉིས་དང་གྲངས་ཆུང་བརྒྱད་ལྔ་འཕར་ཏེ་བསྡོམས་རྩིས་བྱས་ན5166Pཟིན་པ་དང་ཞིང་ཆེན་ཡོངས་ཀྱི61.5%ཟིན་ཡོད།     རྩིས་ནུས་ཐོན་ལས་ཀྱི་ཡོང་འབབ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་བརྒྱདས་ཡ་གཉིས་ཟིན་ནས་ལྡབ2.06འཕར་ཡོད།

རྒྱུས་ལོན་པ་ལྟར་ན།    བཟོ་ལས་སྟོབས་ལྡན་དུ་གཏོང་རྒྱུ་ནི་མཚོ་ཤར་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གཙོ་བོ་དང་རྗེས་ཤུགས་གལ་ཆེན་ཡིན་ལ།    སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན་པ་དང་། མིག་སྔའི་མཚོ་ཤར་གྲོང་ཁྱེར་གྱིས་ཐོན་ལས་ཐེངས་གསུམ་པ་འཕེལ་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན། མཚོ་ཤར་གྲོང་ཁྱེར་གྱིས་བཟོ་ལས་ལས་གཞིར་དམིགས་ནས་ཐོན་སྐྱེད་བྱེད་འགོ་བརྩམས་ཤིང་།   ལས་གཞི28ཐོན་སྐྱེད་ཚོད་ལྟ་བྱས་པ་དང་།   ཧྲིན་ལུང་ལིས་གློག་རྡེའུ་མོ་སྣེ་རྒྱུ་ཆ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཧ་ཡང་རྨང་གཞིའི་རྒྱུ་ཆ་སོགས་ལས་གཞི33འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ།    སྲོལ་རྒྱུན་ཐོན་ལས་ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་། འདྲེས་སྦྱོར་ལྕགས་རིགས་ཁེ་ལས19ཡི་ལག་རྩལ་བཅོས་སྒྱུར་ཆ་ཚང་སྣ37ཡོངས་འགྲུབ་བྱས།

ད་ལོར་མཚོ་ཤར་གྲོང་ཁྱེར་གྱིས་གཙོ་གནད་དེ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུ་དང་འཛམ་གླིང་རིམ་པའི་ཚྭ་མཚེའུ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། བཟོ་ལས་སྔོན་ལ་ལྡབ་འཕར་དང་སྔོན་ལ་མཆོང་སྐྱོད་བྱས་ཏེ།    གཙོ་གནད་ལས་རིགས་ཀྱི་ཐོན་སྐྱེད་བརྟན་པོ་དང་ཐོན་འཕར། སྲོལ་རྒྱུན་ཐོན་ལས་རིམ་སྤོར་བྱེད་པ། དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་སྟོབས་ལྡན་དུ་གཏོང་བ། ནུས་ཁུངས་གསར་པའི་ཐོན་ལས་མགྱོགས་མྱུར་འཚར་ལོངས་བྱེད་པ།    ལྗང་མདོག་རྩིས་ནུས་ཐོན་ལས་སྔོན་ལ་གཅིག་སྡུད་བཅས་ལ་སྐུལ་འདེད་བཏང་སྟེ།    བཟོ་ལས་ཐོན་འཕར་དང་ཚད་གཞི་རྒྱ་ཆེར་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས། ཚད་གཞི་སྟེང་གི་བཟོ་ལས་ཁྱིམ་ཚང15ཡན་གྱི་ཁེ་ཕན་འཕར་དུ་འཇུག་རྒྱུ་རེད།    ལས་གཞི་སྐོར་ཞིག་བསྐྲུན་ཟིན་པ་དང་རྒྱས་སྐྲུན། འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞིའི་ཐོན་སྐྱེད་བརྟན་པོ་དང་ཐོན་འཕར་ལ་ཞབས་འདེགས་ཞུ་བ་དང་། ལས་གཞི་གསར་པ་སྔར་ལས་མང་བ་སྤྱད་དེ་སྒུལ་ཤུགས་སྔར་ལས་འདང་ངེས་པ་སྐྱེད་སྲིང་བྱེད་དགོས། བཟོ་ལས་དྲ་སྦྲེལ་གསར་གཏོད་དང་ཚུལ་སྒྱུར་རིམ་སྤོར་གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ།    སྲོལ་རྒྱུན་ཐོན་ལས་རིགས་བཞིའི་བློ་གྲོས་དང་གཞི་གྲངས་ནུས་སྤྲོད། ལྗང་མདོག་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས། སྲོལ་རྒྱུན་ཐོན་ལས་ཀྱི་གཞི་ཁྱོན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།

ལྗང་མདོག་རྩིས་ནུས་ཀྱི་ཚོང་འགུགས་འཛུགས་སྐྲུན་གྱི་མཁྲེགས་གཏོར་བྱ་སྤྱོད་ལག་བསྟར་བྱས་ནས། རྩིས་རྒྱག་ཤུགས་ནུས10000Pཡན་གསར་དུ་བསྣན་པ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་ཁྲག་ཁྲིག་རིམ་པའི་ཁྱུ་ཚོགས་བསྐྲུན་རྒྱུའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། སྤོ་སྒུལ་གཞི་གྲངས་ལྟེ་གནས་ཀྱི་དུས་རིམ་གཉིས་པ་སོགས་བྱང་བུ་ཁྲི5བསྐྲུན་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། ཁུངས་དྲ་ཐེག་གསོག་ལས་གཞིའི་དྲ་སྦྲེལ་གློག་གཏོང་ལ་སྐུལ་འདེད་གཏོང་བ། རིག་ནུས་རྩིས་རྒྱག་ལྟེ་གནས་སོགས་བྱང་བུ་ཁྲི་5གསར་དུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པར་ཁག་ཐེག་བྱས། དེ་དང་ཆབས་ཅིག མཚོ་སྔོན་གྱི་ཐཱན་མེད་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། ལྗང་མདོག་ཐོན་ལས་དང་ལེན་ནུས་པ་ཆེ་རུ་གཏོང་བ། རིག་ནུས་གློག་དྲ་ཕྲ་མོ་དང་ནུས་གསོག་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།    ལྗང་མདོག་གློག་མཁོ་སྤྲོད་བསྡུར་ཚད་མཐོ་རུ་གཏོང་བ།    རང་ས་གནས་ཀྱི་ཐཱན་བསྡུ་རུབ་ཐོན་ཁུངས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རར་འདྲེས་རྒྱུའི་འཚོལ་ཞིབ་བྱེད་དགོས།

ཤ་བོ་རིན་མཚོས་བསྒྱུར།