མཚོ་སྔོན་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་སྔར་ལས་འཐུས་ཚང་དུ་ཕྱིན།
2025.02.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 39

2024ལོར། མཚོ་སྔོན་ཞིང་ཆེན་གྱིས་འདེགས་སྐྱོར་དྲག་པོ་དང་འཁོར་སྐྱོད་བདེ་བ།    མཉམ་འདྲེས་སྐུལ་འདེད། ཕན་ནུས་ཆེ་རུ་གཏོང་བ་བཅས་འཐབ་ཇུས་ཀྱི་ཁྲིད་སྟོན་དུ་བྱས་ནས། ཕྱོགས་བསྡུས་སྐྱེལ་འདྲེན་བགྲོད་ལམ་ཆེན་པོ་དང་ལྟེ་གནས་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་སྔར་ལས་འཐུས་ཚང་དུ་བཏང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་སྔོན་སྐྱོད་ནུས་པ་སྔར་ལས་འབུར་ཐོན་དུ་བཏང་ཡོད།

2024ལོར། མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་བཏང་ནས་མ་དངུལ་འགན་སྲུང་ཡག་པོ་བྱས།   《མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་དྲ་བའི་འཆར་འགོད》སོགས་གཙོ་གནད་གཞུང་ལམ་དྲ་བའི་འཆར་འགོད་སྣ་གསུམ་གཞི་རྩའི་ཆ་ནས་བཟོ་འགོད་ལེགས་གྲུབ་བྱུང་བ་དང་།    ཡུས་ཧྲུའུ་ནས་མཚོ་བོད་གཞུང་ལམ་འབྲེལ་མཚམས་སོགས་མ་དངུལ་བསྡོམས་འབོར་སྒོར་ཁྲག་ཁྲིག་གཉིས་ལས་བརྒལ་བའི་འདེགས་སྐྱོར་ལས་གཞི་གལ་ཆེན་སྐོར་ཞིག་གྲབས་གསོག་བྱས་པ།     《མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་གདེང་འཇོག་དམིགས་ཚད་མ་ལག》པར་འགྲེམས་ལག་བསྟར་བྱས་ནས། རྒྱལ་ཡོངས་སུ་ཞིང་ཆེན་ཁོངས་ཀྱི་དམིགས་ཚད་མ་ལག་ཞིབ་འཇུག་བྱ་བ་སྔོན་ལ་ལེགས་འགྲུབ་བྱུང་།  དེ་དང་ཆབས་ཅིག འགྲིམ་འགྲུལ་གཙོ་གནད་ལས་གཞིའི་ལོ་གསུམ་རིང་གི་ཚོགས་འདུ་ཆེན་པོའི་དམག་འཐབ་བྱེད་མགོ་བརྩམས་ཏེ། ཐུན་རིན་ནས་གསེར་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་མུ་མཐུད་དུ་ལས་གཞི20འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་པ་དང་།    དེའི་ནང་། གྲོ་ཚང་རྡོ་རྗེ་འཆང་ནས་དཔའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ལས་གཞི7ཡོངས་འགྲུབ་བྱས་ནས་རླངས་འཁོར་ཤར་གཏོང་བྱས་པ་དང་། མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་བར་གྱི་བགྲོད་ལམ་1གསར་དུ་བསྣན་པ། ས་སྨུག་ཐང་ནས་གཅིག་སྒྲིལ་སོགས་ཞིང་ཆེན་བར་གྱི་བགྲོད་ལམ་ལས་གཞི6གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས།

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་རྒྱུར་དམིགས་ནས།“ལྟེ་བ་གཅིག་དང་གདུབ་གཅིག་རྒྱུད་མང་པོའི”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་རྒྱུར་དམིགས་ནས་སྤྱིའི་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་གཞུང་ལམ་འཛུགས་སྐྲུན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།  མཚོ་སྔོན་པོའི་མཐའ་འཁོར་གྱི་ཡུལ་སྐོར་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། རིག་སྨོན་དང་མཚོ་སྔོན་པོ། ཚྭ་ཁ་བཅས་ཀྱི་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་བྱས། ཡུས་ཧྲུའུ་ཡི་ཁྲི་འདུའི་འགྲམ་རྒྱུད་དང་། མགོ་ལོག་དགའ་བདེའི་རྨ་ཆུའི་རྒྱུད།  མཚོ་བྱང་གི་མཐོན་པོ་རི་སོགས་ཀྱི་ཡུལ་སྐོར་གཞུང་ལམ་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ་དང་། པེ་ལུང་རི་བོ་སྐོར་བའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ཡུལ་སྐོར་མཛེས་ལྗོངས་ལམ་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་བསྒྱུར་བཀོད་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ། དྲ་གྲགས་ཡུལ་ལྗོངས་གནས་སུ་བསྐྱོད་པའི་ལམ་སྔ་རྗེས་སུ་བསྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱིAརིམ་པའི་མཛེས་ལྗོངས་ཁུལ་84%ལ་རིམ་པ་གཉིས་པ་དང་དེའི་ཡན་གྱི་གཞུང་ལམ་ཤར་གཏོང་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོན་ཁུངས་སྡེབ་སྒྲིག་དང་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་སྐུལ་འདེད་རྐྱེན་སྲོལ་བཙུགས་པ་དང་། སྒྱུ་འཕྲུལ་གྱི་མཚོ་བྱང་ཡུལ་སྐོར་སྐོར་ལམ་དེ་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་དུ་བདམས།

ཤ་བོ་རིན་མཚོས་བསྒྱུར།