བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས2025ལོར་གློག་འཕྲིན་ལས་སྒོ་དྲ་ཐོག་ནས་བསྒྲུབ་པ་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པར་ནུས་ཤུགས་བཏོན།
2025.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་ཟི་ཡི་ཟི་ཀྲང་ཞའེ་ཚུན་གྱིས་ཉེ་སྔོན་བསྟན་དོན། གཞི་གྲངས་ལག་རྩལ་དང་སྡོད་དམངས་ཀྱི་འཛད་སྤྱོད་ཁྲོམ་ར་མགྱོགས་མྱུར་སྒོས་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། ཆ་འཕྲིན་དང་མཉམ་འབྲེལ་དྲ་རྒྱའི་ཞབས་ཞུའི་ཚད་གཞི་འཐུས་ཚང་བཏང་ནས། 2025ལོར་གློག་འཕྲིན་ལས་སྒོ་དྲ་ཐོག་ནས་བསྒྲུབ་པ་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པར་ནུས་ཤུགས་འདོན་རྒྱུ་ཡིན་ཟེར།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། 2024ལོར། རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱི་གློག་འཕྲིན་ལས་སྒོ་དྲ་ཐོག་ནས་བསྒྲུབ་པ་དང་གནས་གཞན་དུ་བསྒྲུབ་པའི་ནུས་པ་སྔར་ལས་ཆེ་རུ་བཏང་བ་དང་། མཉེན་ཆས་དང་མགྲོན་ཞབས་ཁ་པར་ཨང་གྲངས་སོགས་དྲ་ཐོག་ནས་ལས་སྒོ་བསྒྲུབ་པའི་ཚད་ཀྱི་བསྡུར་ཚད་བརྒྱ་ཆའི་དགུ་བཅུ་ལས་བརྒལ་ཏེ། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་བཅུ་འཕར་ཡོད།

སྤྱོད་མཁན་གྱི་ཁེ་དབང་སྲུང་སྐྱོབ་ཐད་ནས། མིག་སྔར་རྒྱལ་ཡོངས་ཀྱི་མཉེན་ཆས་ཞིབ་བཤེར་ཚད་ལེན་དང་ངོས་འཛིན་བྱེད་པའི་སྤྱི་བའི་ཞབས་ཞུའི་སྟེགས་བུ་སྐྲུན་ཡོད་ལ། རྒྱུན་རྣམ་ཅན་གྱིས་མཉེན་ཆས་ཞིབ་བཤེར་ཚད་ལེན་བྱས་པ་དང་། ནུས་ཤུགས་ཡོད་རྒུས་མངོན་གསལ་གནད་དོན་དག་ཐེར་བཅོས་སྒྲིག་བྱས། 

གོ་རིམ་རྗེས་མར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཆ་འཕྲིན་འཕྲིན་གཏོང་གི་ལས་རིགས་བཅོས་སྐྱོང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་བ་དང་། དྲ་ཚིགས་དང་མཉེན་ཆས་རྒས་འགྱུར་བསྒྱུར་བཀོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལས་རིགས་དང་ཁེ་ལས་ཀྱིས་སྔར་ལས་མང་བའི་དམངས་བདེ་དམངས་ཕན་གྱི་ཞབས་ཞུ་སྤེལ་བར་ཁྲིད་སྟོན་བྱེད་པ་དང་། མཉེན་ཆས་ཀྱི་ཕྲེང་སྦྲེལ་ཧྲིལ་བོ་བཅོས་སྐྱོང་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།