མཚོ་ནུབ་ཁུལ་གྱིས་སྤུས་ཚད་དང་ཆུ་ཚད་སྔར་ལས་མཐོ་བའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཁུལ་བསྐྲུན།
2025.02.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 62

ལོ་གསར་གྱི་སྔ་རོལ་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་དུ་གནས་པའི་ཚྭ་ཁའི་ཚྭ་མཚོའི་ལྗོངས་ཁུལ་དུ་བསྐྱོད་སྐབས། གནམ་གཤིས་གྲང་ངར་ཆེ་ནའང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་མཚེའུ་འགྲམ་དུ་པར་ལེན་བཞིན་ཡོད།     ཚྭ་ཁའི་ཚྭ་མཚོའི་ལས་བྱེད་མི་སྣས“དགུན་དུས་རླུང་ཅུང་ཆུང་བས།  ཚྭ་ཁའི་མཚེའུ་ངོས་ཀྱི་པར་ལེན་ཕན་འབྲས་དེ་བས་ལེགས་པོ་ཡོད་པས་ཡུལ་སྐོར་བས་ཚྭ་མཚོ་ཡི་མཛེས་སྡུག་རྦད་དེ་ཉམས་ལེན་བྱེད་ཐུབ”ཅེས་ངོ་སྤྲོད་བྱས།    ཚྭ་ཁའི་ཚྭ་མཚོ་ནི་མཚོ་སྔོན་ཡུལ་སྐོར་གྱི་མིང་བྱང་གྲགས་ཅན་ཡིན་པ་དང་། ཉེ་བའི་ལོ་གཉིས་ནང་མཛེས་ལྗོངས་ཁུལ་མུ་མཐུད་དུ་རིམ་སྤོར་བྱས་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སྔར་ལས་འཐུས་ཚང་དུ་ཕྱིན་ཡོད་ལ། ཡུལ་སྐོར་བའི་ཉམས་ལེན་སྔར་ལས་ཕུན་སུམ་ཚོགས་པོར་གྱུར་ཡོད།

གསར་འགོད་པས་མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན།  2024ལོར་མཚོ་ནུབ་ཀྱིས་ཀྲུང་དབྱང་གིས་ས་གནས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་དང་།    རྒྱལ་ཁབ་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩ་ཡིས་ས་གནས་ཀྱི་ལས་གཞིར་ཁ་གསབ་བྱེད་པའི་མ་དངུལ་སོགས་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་བརྒྱད་ལྷག་དངོས་འབེབ་བྱས་པ་དང་།    གཞི་རིམ་རིག་གནས་རྨང་གཞིའི་སྒྲིག་ཆས་མཐོར་འདེགས་དང་།    རིག་ནུས་ཀྱི་རིག་གནས་ཡུལ་སྐོར། གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་སྟོན། ཚོང་ལས་ཁྲོམ་གཞུང་འཛུགས་པ་སོགས་སྤྱི་པའི་ཞབས་ཞུ་མཐོར་འདེགས་སུ་གཏོང་བའི་ལས་གཞི་ལག་བསྟར་བྱས་པས།  ཁུལ་ཡོངས་ཀྱི་ཡུལ་སྐོར་གྱི་ཁོར་ཡུག་རྒྱུན་ཆད་མེད་པར་རིམ་སྤོར་དང་ཇེ་ལེགས་སུ་བཏང་།

མཚོ་ནུབ་ཁུལ་གྱིས་ཆུ་ཚད་མཐོ་བའི་སྒོ་ནས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ།    2024ལོར3Aརིམ་པའི་མཛེས་ལྗོངས་ཁུལ་གཅིག་བདེ་བླག་ངང་རེ་ཞུ་བྱས་པ་དང་། མཛེས་ལྗོངས་ཁུལ་གཉིས་བདེ་བླག་ངང་བསྐྲུན་ནས་ཡུལ་སྐོར་བ་མི་ཐེངས་འབུམ་གཅིག་དང་ཁྲི་ལྔ་ལྷག་སྣེ་ལེན་བྱས། དེ་དང་ཆབས་ཅིག  རིག་གནས་ཡུལ་སྐོར་གྱི་གཙོ་གནད་འཛུགས་སྐྲུན་ལས་གཞི12ལག་བསྟར་བྱས་ནས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བཞི་ས་ཡ་དགུ་བཏང་།

ད་ལོར། མཚོ་ནུབ་ཁུལ་གྱིས་ཚྭ་ཁའི་ཚྭ་མཚོ་དང་ཆུ་སྟེང་ཡ་ཏན5Aརིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་།    ད་ཡོད་ཀྱིAརིམ་པའི་མཛེས་ལྗོངས་ཁུལ19དང་གསར་དུ་རེ་ཞུ་བྱས་པའིAརིམ་པའི་མཛེས་ལྗོངས་ཁུལ་རིམ་སྤོར་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་ཏེ། ཁུ་ནུ་གྲོག་རོང་ཆེན་པོ་སོགས་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་།    ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་དང་། བགྲོད་ལམ་འགྲིམ་འགྲུལ་ལམ་རྒྱུད་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གསང་སྤྱོད་ལེགས་བསྒྱུར་དང་མཐོ་རུ་གཏོང་བའི་བྱ་སྤྱོད་གཅིག་བསྡུས་སྒོས་སྤེལ་ནས། བགྲོད་ལམ་འགྲིམ་འགྲུལ་ལམ་རྒྱུད་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གསང་སྤྱོད43འཛུགས་སྐྲུན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས། ཡུལ་སྐོར་དང་འབྲེལ་བའི་ཞབས་ཞུའི་ལས་རིགས་ཀྱི་ལས་ཞུགས་མི་སྣར་གསོ་སྦྱོང་བྱ་རྒྱུར་ཤུགས་བསྣན་ནས་ལས་ཞུགས་མི་སྣའི་ཞབས་ཞུའི་འདུ་ཤེས་མཐོ་རུ་གཏོང་དགོས།     དེ་དང་ཆབས་ཅིག མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་བེད་སྤྱོད་གང་ལེགས་བྱས་ཏེ། རིག་ནུས་རིག་གནས་ཡུལ་སྐོར་རིམ་སྤོར་བསྒྱུར་བཀོད་ལས་གཞི་ལག་བསྟར་བྱས་ཏེ་ཡུལ་སྐོར་ཁྲོམ་ར་རིག་ནུས་ཅན་དང་། ཡིད་རྟོན་ཅན། བདེ་འཇགས་ཅན་བཅས་ཀྱི་ཕྱོགས་སུ་ཚུལ་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།