ཏང་གིས་ན་གཞོན་ལ་འབྲེལ་འདྲེས་བྱེད་པའི་ཟམ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ་དང་། བློ་སེམས་རྩེ་གཅིག་གིས་ན་གཞོན་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཆེད། ལུགས་རྙིང་ལོ་གསར་སྔ་གཞུག་ཏུ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གཅིག་བསྡུས་སྒོས་ན་གཞོན་ལོ་ཆུང་མི་ཚོགས་ཀྱི་སེམས་ཁུར་གཟིགས་སྐྱོང་བྱ་འགུལ་བཀོད་སྒྲི་བྱས་པ་དང་། ཕྱོགས་བདུན་ཐད་ནས་དངོས་གཉེར་བྱེད་ཐབས་ཉེར་གཉིས་བཀོད་སྒྲིག་བྱས་ནས། ཏང་གི་དྲོད་ཁོལ་དང་ཐུགས་ཁུར་ན་གཞོན་ཚོར་བརྒྱུད་སྐྱེལ་བྱས། ལུགས་རྙིང་ལོ་གསར་གྱི་སྔོན་དུ་གཟིགས་སྐྱོང་ཞབས་ཞུའི་བྱ་འགུལ་དྲུག་བཅུ་ལྷག་སྤེལ་བ་དང་། མ་དངུལ་དང་དངོས་ཟོག་གྲབས་གསོག་བྱས་ནས་ན་གཞོན་ལོ་ཆུང་ཁྲི་གཅིག་དང་སྟོང་གཉིས་ལྔ་བརྒྱ་ལྷག་ལ་འཚམས་འདྲི་དང་གཟིགས་སྐྱོང་བྱས།
གུང་གཞོན་ཚོགས་པའི་ཁོངས་གཏོགས་ཀྱི་ཐེབས་རྩ་ཚོགས་པའི་དངུལ་བསྡུ་སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་ཆེད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་སྲིད་སྡེ་ཁག་གི་སྲིད་ཇུས་ཐོན་ཁུངས་དང་སྤྱི་ཐུན་ཞབས་ཞུའི་སྟོབས་ཤུགས་བརྩོན་བྱས་པ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་བརྩེ་ལྡན་ཁེ་ལས་དང་དང་བླངས་པའི་ཞབས་ཞུ་རྩ་འཛུགས་ཀྱི་ཐོན་ཁུངས་སྟོབས་ཤུགས་སྐུལ་སློང་བྱས་ནས། དམིགས་བསལ་གྱི་ན་གཞོན་ལོ་ཆུང་མི་ཚོགས་ལ་ཁ་ཕྱོགས་ནས་དྲོད་ཁོལ་སྐྱེལ་བ་དང་སེམས་ཁམས་གཟིགས་སྐྱོང་ཞབས་ཞུ་དང་དངོས་སྐྱེལ་ལས་ཞུགས་ན་གཞོན་གྱི་ཞབས་ཞུའི་ཟླ་བ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། དཀའ་ཁག་ཡོད་པའི་བྱིས་པ་དང་དངོས་ཟོང་སྐྱེལ་འདྲེན་མི་སྣ། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་སོགས་ན་གཞོན་ལོ་ཆུང་མི་ཚོགས་ལ་ཁ་ཕྱོགས་ནས་འཚོ་བའི་རོགས་སྐྱོར་དང་བརྩེ་ལྡན་རོགས་སྐྱོར། བདེ་ཐང་བརྟག་དཔྱད་སོགས་ཀྱི་གཟིགས་སྐྱོང་ཞབས་ཞུ་འདོན་སྤྲོད་བྱས།
ན་གཞོན་ལོ་ཆུང་བདེ་ཐང་ངང་འཚོར་ལོངས་འབྱུང་བར་སྲུང་སྐྱོང་བྱེད་ཆེད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དུས་ཆེན་སྔོན་གྱི་ཁེ་དབང་སྲུང་སྐྱོབ་སྐྱེལ་བའི་བྱ་འགུལ་སྤེལ་བ་དང་། གཅིག་བསྡུས་སྒོས་དགུན་གནང་སྐབས་ཀྱི་རང་སྲུང་སློབ་གསོ་དང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ། སེམས་ཁམས་སྣེ་ཁྲིད་སོགས་ཀྱི་དང་བླངས་ཞབས་ཞུ་སྤེལ་ནས། ན་གཞོན་ལོ་ཆུང་གི་བདེ་འཇགས་འདུ་ཤེས་དང་འཕྲལ་བསྟུན་ཉེན་གཡོལ་ནུས་པ་ཇེ་མཐོར་གཏོང་བར་རོགས་རམ་བྱས། དགུན་དྲོན་མོའི་འགུལ་སྐྱོད་ལས་གཞི་ལག་བསྟར་བྱས་ཏེ། བཅའ་སྡོད་སློབ་གྲྭའི་སློབ་མར་སྲིང་བལ་ལྭ་བ་དང་རྐང་རྩེད་སྤོ་ལོ། ལྒང་ལི་སོགས་དངོས་ཟོག་སྟོང་གཅིག་བྱིན་པ་དང་། ན་གཞོན་ལོ་ཆུང་གི་འཚར་ལོངས་འཕེལ་རྒྱས་ཐད་ཞབས་འདེགས་ཞུས། ལོ་གསར་སྐྱེལ་འདྲེན་སྐབས་ཀྱི་ཞབས་ཞུ་དང་བླངས་པ838བསྡུ་ལེན་བྱས་པ་དང་། གནམ་གྲུ་ཐང་དང་མེ་འཁོར་ས་ཚིགས། འགྲུལ་སྐྱེལ་ས་ཚིགས་སོགས་ས་ཆ་རུ་ལོ་གསར་སྐྱེལ་འདྲེན་སྐབས་ཀྱི་དང་བླངས་ཞབས་ཞུ་བྱ་འགུལ་སྤེལ་ནས། ལོ་གསར་སྐྱེལ་འདྲེན་སྐབས་ཀྱི་ལམ་བུ་དྲོད་ཁོལ་ལྡན་པར་བྱས།
ལོ་གསར་སྔོན་གྱི་གྲོང་ཁྱེར་དུ་ཞོར་ལས་གཉེར་བར་སོང་བའི་ན་གཞོན་དང་སློབ་མ་རྣམས་གཅིག་བསྡུས་སྒོས་ཕྱིར་ཕ་ཡུལ་དུ་ལོག་པའི་གོ་སྐབས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ན་གཞོན་གྱི་ལས་ཞུགས་ལས་སྐྲུན་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་ཆེད། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས2025ལོའི་དགུན་གནང་སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་པའི་སྤྱི་ཚོགས་ལག་ལེན་བྱ་འགུལ་སྤེལ་ནས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་བཅུ་གཉིས་ཀྱི་སློབ་མ་སྟོང་གཅིག་དང་ཉེར་གཉིས་རྩ་འཛུགས་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་རྫོང་དང་ཆུའུ། གྲོང་ཁྱེར་ཞེ་ལྔ་རུ་སོང་ནས་དངོས་སྦྱོང་བྱས་པ་དང་། སློབ་ཆེན་སློབ་མས་ལས་ཞུགས་ཀྱི་ཉམས་མྱོང་བསྡུ་གསོག་བྱེད་པར་རོགས་རམ་བྱས། དེ་ལས་གཞན། ད་དུང2025ལོར་དྲ་ཐོག་བརྒྱུད་དེ་ཞིང་ལས་ཐོན་རྫས་བཙོང་རོགས་བྱེད་པའི་བྱ་འགུལ་གྱི་མཚོ་སྔོན་གྱི་ཐད་གཏོང་བྱ་འགུལ་སྤེལ་ནས། ལས་སྐྲུན་ན་གཞོན་ཀྱི་ཉོ་ཚོང་ལམ་བུ་རྒྱ་སྐྱེད་པ་དང་ལས་སྐྲུན་ཡོང་སྒོ་ཇེ་མང་དུ་བཏང་།
རིན་ཆེན་མཚོས་བསྒྱུར།