ཟླ2པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་ལས་སྒྲུབ་ཁང་གིས་སྤེལ་བའི་《མཚོ་སྔོན་ཞིང་ཆེན་ཚོང་འགུག་དང་མ་རྩ་འདྲེན་པའི་བྱ་བ་ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་པར་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས》ཞེས་པའི་སྲིད་ཇུས་གསལ་འགྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་སྲིད་དོན་ཞབས་ཞུ་ཏན་ཏིག་གིས་སྒྲུབ་པ་དང་། ཁྲོམ་ར་རྒྱ་བསྐྱེད་པ། མ་རྩ་འཇོག་པ་དང་ལས་རིགས་དར་སྤེལ། ཁྲིམས་སྐྱོང་འགན་ལེན་གྱི“རྩོམ་ཡིག་བཞི”བཅས་ལ་ཤུགས་བསྣན་ཏེ། སྔ་རྗེས་སུ་ཚོང་གཉེར་ཁོར་ཡུག་“འཛུགས་སྐྲུན་གྱི་ལོ” “ལེགས་སྒྱུར་གྱི་ལོ”“སྲ་བརྟན་གྱི་ལོ” “མཐོར་འདེགས་ཀྱི་ལོ”བཅས་སྐས་རིམ་ཅན་གྱི་ཚོང་གཉེར་ཁོར་ཡུག་གི་བཅོས་བསྒྱུར་ཀྱི་རྣམ་པ་གསར་བ་བསྐྲུན་པ་དང་། ཚོང་གཉེར་བྱེད་པའི་སྟབས་བདེ་བའི་ཚད2019ལོ་དང་བསྡུར་ན་བརྒྱ་ཆའི་རེ་ལྔ་འཕར་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་འཕར་ཚད་མཐོ་ཤོས་སུ་གྱུར། ད་ལོར་ཁེ་ལས་ཀྱི་དགོས་མཁོ་དང་བསྟུན་ནས། སྲིད་གཞུང་ལ་ཡིད་རྟོན་ཡོད་པ་དང་། ཁེ་ལས་ཀྱི་སེམས་བདེ་བ། ལས་སྒྲུབ་ཀྱི་ནུས་པ་མཐོ་བའི་རྩེར་སོན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དང་མ་རྩ་འདྲེན་པའི་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་རམ་འདེགས་བྱས།
མཚོ་སྔོན་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་ལ་སྦྲེལ་མཐུད་སྐུལ་འདེད་བཏང་བ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་འདོན་པ། ཁེ་ལས་ཀྱི་ཐོན་ཁུངས་འབྲེལ་མཐུད། ཁེ་ལས་ཀྱི་ནུས་པ་མཐོར་འདེགས། ཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་བཅས་ཀྱི་ཆེད་དམིགས་ལས་འགུལ་བཞི་སྤེལ་ཏེ། ཁེ་ལས་དང་འབྲེལ་བའི་སྲིད་དོན་ཞིབ་བཤེར་ལས"གཏན་འགོག་ལྔ"དང"མི་རུང་བ་བརྒྱད" དོན་འཁྱོལ་བྱས་ཏེ། ཁྲིམས་སྐྱོང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བསྒྱུར་བྱས། དྲ་གནས་གཅིག་གི་ལས་ཀུན་སྒྲུབ་ཐུབ་པ་དང་། དྲ་གནས་གཅིག་གིས་དོ་དམ་བྱེད་ཐུབ་པའི་ཉེར་སྤྱོད་གཏིང་ཟབ་ཏུ་གཏང་སྟེ། ལས་སྒྲུབ་ཀྱི་ལས་ཕྱོད་མཐོར་འདེགས་སུ་བཏང་།
རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་འཛུགས་སྐྲུན་འཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཧུར་བརྩོན་གྱིས་རྒྱལ་ཡོངས་གཅིག་གྱུར་ཁྲོམ་རར་འདྲེས་བར་བྱེད་པ། ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་དྲོལ་ཁོལ་སྦྱིན་པ་རྒྱུན་རྣམ་ཅན་དུ་བསྒྱུར་ཏེ། ཁེ་ལས་འཕེལ་རྒྱས་ཀྱི་གནད་དོན་སེལ་བ་དང་། དམངས་གཉེར་ཁེ་ལས་ཆུང་འབྲིང་གི་རྒྱུན་རྣམ་ཅན་གྱི་འབྲེལ་འདྲེས་དང་གནད་དོན་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དམངས་གཉེར་ཁེ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་སྤྱི་སྟེགས་བསྐྲུན་པ། དམངས་གཉེར་ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་སྤྲོད་པའི་ཞུ་གཏུག་ཐབས་ལམ་གྱི་ཤར་གཏོང་ལ་ཁེག་ཐེག་ཡོད་པ། ཁེ་ལས་ཆུང་འབྲིང་གི་ཆད་དངུལ་གཙང་སེལ་གཙོ་གནད་དུ་བཟུང་།
སྒྲིག་བཀོད་བསྒྱུར་བཅོས་དེ་ཁྲོམ་རའི་རྣམ་པར་བསྒྱུར་བའི་རྒྱུ་རྐྱེན་ཟབ་སྤེལ་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རྒྱུ་རྐྱེན་ཐོན་ལས་ལེགས་ཤོས་ཀྱི་ཕྱོགས་སུ་འདུ་བར་སྣེ་ཁྲིད་དང་སྐུལ་མ་གཏོང་བ། མ་དངུལ་གཏོང་བའི་ཞབས་ཞུ་དང་རྒྱུ་རྐྱེན་ལ་ཁག་ཐེག་ཡོད་པ། ལས་གཞིའི་བཤེར་མཆན་འགོད་པའི་རྐྱེན་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། 2025ལོའི་ནུབ་ཁུལ་སྐུལ་འདེད་རིགས་ཀྱི་ཐོན་ལས་དཀར་ཆག་གི་འགྲེལ་བཤད་དང་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་བྱས་ཏེ། ས་གནས་སོ་སོའི་སྣེ་ཁྲིད་དེ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁྲལ་བསྡུ་རུབ་ཀྱི་ལྟ་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས།
ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཁེ་ལས་ཆུང་གྲོས་ཀྱི་མ་དངུལ་བསྡུ་རབ་མཐུན་སྦྱོར་གྱི་བྱ་བའི་རྐྱེན་སྲོལ་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ་དང་། "མཚོ་སྔོན་ཡིད་རྟོན་མ་དངུལ"གྱི་སྤྱི་སྟེགས་རིམ་འཕེལ་འཛུགས་སྐྲུན་བྱེད་པ། " ཐཱན་གྱི་རྩིས་ཐོ"འཛུགས་པར་འཚོལ་ཞིབ་བྱེད་པ། དངུལ་རྩའི་ལས་ཁུངས་ཀྱིས་ཐཱན་ཕྱིར་གཏོང་ཚད་དང་གློག་ནུས་བཀོལ་སྤྱོད་ཀྱི་བསྡུར་ཚད་སོགས་ཡིད་རྟོན་གཞི་གྲངས་བཀོལ་བར་རྒྱབ་སྐྱོར་བྱེད་པ། ཁེ་ལས་ཁག་ལ་དངུལ་རྩའི་དངུལ་བན་གྱི་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། དངོས་གཞིའི་དཔལ་འབྱོར་ལྗང་མདོག་ཅན་དུ་བསྒྱུར་བར་རོགས་རམ་བྱས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།