ཟླ2པའི་ཚེས11ཉིན། གསར་འགོད་པས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོའི་ལོ་མཇུག་བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་བཅས31དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཚང་མས་ཁོངས་གཏོགས་ཁུལ་གྱི་མ་དངུལ་བསྡུ་སྒྲིལ་ཡིད་རྟོན་ཞབས་ཞུའི་སྟེགས་བུ་ལེགས་སྒྱུར་ལེགས་སྒྲིག་བྱ་བ་ཡོངས་འགྲུབ་བྱས།
ལེགས་སྒྲིག་བྱས་རྗེས། ཞིང་ཆེན་སོ་སོས་ཞིང་ཆེན་རིམ་པའི་ལས་སྟེགས་གཅིག་ཁོ་ན་སོར་འཇོག་བྱེད་པ་དང་། གྲོང་ཁྱེར་དང་རྫོང་སོ་སོས་ལས་སྟེགས་གཅིག་ཁོ་ན་འཛིན་པ། སོར་འཇོག་བྱས་པའི་ལས་སྟེགས་དེ་རྒྱལ་ཡོངས་གཞི་གཅིག་ཅན་གྱི་ལས་སྟེགས་དྲ་རྒྱའི་དོ་དམ་ཁྲོད་ནང་འཇུག་བྱེད་དགོས་པར་མ་ཟད། རྒྱལ་ཡོངས་ཀྱི་མ་དངུལ་བསྡུ་སྒྲིལ་ཡིད་རྟོན་ཞབས་ཞུའི་ལས་སྟེགས་སྟེང་ཡོངས་བསྒྲགས་བྱེད་དགོས།
《མ་དངུལ་བསྡུ་སྒྲིལ་ཡིད་རྟོན་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས་ནས། ཁེ་ལས་ཆུངའབྲིང་དང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་སྟབས་བདེ་ཅན་དུ་གཏོང་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བའི་ལག་བསྟར་ཇུས་གཞིའི》བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ས་གནས་ཀྱི་མ་དངུལ་བསྡུ་སྒྲིལ་ཡིད་རྟོན་ཞབས་ཞུའི་སྟེགས་བུ་ལེགས་སྒྲིག་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། འབྲེལ་ཡོད་ཕྱོགས་ལ་རྒྱུ་ནོར་སྤོ་སྒྱུར་དང་གཞི་གྲངས་རྩིས་སྤྲོད། མི་སྣ་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་མཛུབ་སྟོན་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། གོམ་སྟབས་རྗེས་མར་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་བསྡུ་སྒྲིལ་ཡིད་རྟོན་ཞབས་ཞུའི་ལས་སྟེགས་ཀྱི་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ནུས་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་པ་དང་ཡིད་རྟོན་ཆ་འཕྲིན་གསར་སྤེལ་བེད་སྤྱོད་གང་ལེགས་གཏོང་བ། དངུལ་རྩའི་སྒྲིག་གཞིའི་བར་མཉམ་འབྲེལ་དཔེ་དབྱིབས་འཛུགས་པ། ཡིད་རྟོན་དངུལ་བུན་ཐོན་རྫས་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་པ།“ཡིད་རྟོན་དང་དངུལ་བུན་གྱི”ལས་ཀའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། དངུལ་རྩར་བརྟེན་ནས་དམངས་ལ་སྟབས་བདེ་སྐྲུན་པ་དང་ཁེ་ལས་ཕན་པ་སྟེར་བའི་སྲིད་ཇུས་གཅིག་སྡུད་ཤུགས་ཆེན་བྱས་ཏེ། སྲིད་ཇུས་ཁག་དྲ་ཐོག་ནས་བསྒྲུབ་རྒྱུ་དང་ཐད་ཀར་མྱུར་དུ་ལོངས་སུ་སྤྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།