ཧོང་ཀྲུང་གིས་ནུས་ཤུགས་གང་ཡོད་བཏོན་ནས་རྒྱ་ལོ་སྨོན་ལམ་སྐབས་ཀྱི་བདེ་འཇགས་བརྟན་སྲུང་བྱས།
2025.02.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་ཡིས་རིག་གནས་ཡུལ་སྐོར་ཅུའུ་དང་། སྤྱི་བདེ་ཅུའུ།  འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་སོགས་ཀྱི་སྡེ་ཁག་ལ་གཅིག་གྱུར་བཀོད་འདོམས་བྱས་ནས། བདེ་འཇགས་འགན་སྲུང་ཙུའུ་དང་སྨན་བཅོས་འགན་སྲུང་ཙུའུ། དམངས་ཕན་ཞབས་ཞུའི་ཙུའུ་སོགས་བཙུགས་ནས།  ཕྱོགས་ཡོངས་ནས་མེ་ཏོག་མཆོད་པ་བདེ་ལེགས་ངང་སྤེལ་བར་བདེ་འཇགས་ཞབས་ཞུའི་འགན་སྲུང་མཁོ་སྤྲོད་བྱས་ཏེ།  རྒྱ་ཆེ་བའི་ཡུལ་སྐོར་པ་དག་ལ་མཛུབ་རྩེ་ལས་ཐོན་པའི་རིག་གནས་འདིའི་རྒྱུ་རྩལ་གྱི་ཉིང་བཅུད་ཡིད་ཚིམ་པ་ཞིག་ལོངས་སུ་སྤྱོད་དུ་བཅུག

ཧོང་ཀྲུང་ཆུའུ་ཨུའི་ཧྲུའུ་ཅི་དང་ཆུས་ཀྲང་གཉིས་ཀྱིས་ཙུའུ་ཀྲང་གི་འགན་ཁུར་བ་དང་།  སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་གིས་ཡུལ་དངོས་ནས་བཀོད་འདོམས་བྱེད་པ། རྫོང་རིམ་པའི་མགོ་ཁྲིད་སོ་སོས་ཁག་བགོས་འགན་ལེན་བྱེད་པའི་བདེ་སྲུང་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་།  བྱ་བའི་ཚན་ཆུང16བཙུགས་ལ།  "གཅིག་གྱུར་བཀོད་འདོམས་དང་།  ཁག་དགོས་འགན་ལེན།  འགན་འཁྲི་ཁ་གསལ"བཅས་ཀྱི་བཀོད་འདོམས་མ་ལག་གྲུབ་པར་བྱས།   "འཁོར་བསྐྱོད་བགྲོད་ལམ་དང་ལོགས་བཀར་བྱེད་ཐབས"སྤྱད་དེ།  ནུབ་རིའི་སྒོ་ཆེན་ནི་ཚོམས་ཆེན་གྱི་འཛུལ་སྒོ་དང་ཤར་རིའི་སྒོ་ཆེན་ནི་འབུད་སྒོར་གཏན་ཁེལ་བྱས་ལ།  གོ་རིམ་ཧྲིལ་བོར་སྨིད་ལྔ་སྟོང་སུམ་བརྒྱ་ལྷག་ཡོད་པའི་ཕྱོགས་རྐྱང་བགྲོད་ལམ་ཡིན།  མི་ཚོགས་མང་བ་དང་བགྲོད་ལམ་དོག་པ།  ཕྱོགས་བསྡུས་འགྲེམ་སྟོན་སོགས་ཀྱི་དཀྱིལ་སྙིང་ས་ཁུལ་ལ་ལོག་བཀར་དུམ་གཅོད་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱད་དེ། སྒྱང་ལྷོད་ཁུལ་གསུམ་དང་།  ལོགས་བཀར་གནས་དྲུག  Sརྣམ་པའི་བགྲོད་ལམ་གཅིག  འཕྲལ་རྐྱེན་ཁ་འགྲེམ་བགྲོད་ལམ་བཅུ།  རླངས་འཁོར་འཇོག་གནས་བཅུ་དགུ་བཅས་བཀོད་སྒྲིག་བྱས་ཏེ།  ལམ་ཐིག་འོས་འཚམ་དང་ཡུལ་སྐོར་ལ་གོ་རིམ་ཡོད་པར་ཁག་ཐེག་བྱས།

གོ་རིམ་ཡོད་པ་དང་བདེ་འཇགས་ཀྱི་སྒོ་ནས་ཡུལ་སྐོར་བྱེད་ཐུབ་པར་ཁག་ཐེག་བྱེད་ཆེད། ཧོང་ཀྲུང་ཆུའུ་ཡིས་ཡུལ་སྐོར་པའི་མི་གྲངས་ཀྱི་འགྱུར་བ་དང་བསྟུན་ནས་སྐྱེལ་འདྲེན་རླངས་འཁོར་བཀོད་སྒྲིག་བྱས་པ་དང་།  ཤར་ནུབ་ཀྱི་ས་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གཉིས་དང་།  སྤྱི་སྤྱོད་རླངས་འཁོར་གཏོང་ས་ལྔ།  སྤྱི་སྤྱོད་རླངས་འཁོར་འདུག་སྟེགས་སུམ་བརྒྱ་རེ་གཉིས།  གླ་གཏོང་རླངས་འཁོར་ཉིས་བརྒྱ་སོ་གཉིས་བཀོད་སྒྲིག་བྱས་ཏེ། ཡུལ་སྐོར་པའི་འགྲོ་འོང་ལ་སྟབས་བདེ་བཟོས།  རྒྱ་ཆེའི་མང་ཚོགས་ལ་མི་སེམས་དྲོ་བའི་སྟབས་བདེའི་ཞབས་ཞུ་བསྐྲུན་ཆེད།  ཡུལ་དངོས་སྨན་བཅོས་བྱེད་གནས་ལྔ་དང་། སྨན་བཅོས་མི་སྣ་སུམ་ཅུ་བཀོད་སྒྲིག་བྱས་ཏེ་སྨན་བཅོས་འགན་སྲུང་བྱ་བ་བསྒྲུབས་པ་དང་།  འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་སྒོ་ཁ་དང་།  གློག་འདོན་ཀུང་ཟིའི་སྒོ་ཁ་སོགས་ནས་ཆུ་ཁོལ་དང་ཇ་འདོན་སྤྲོད་བྱེད་གནས་བཀོད་སྒྲིག་བྱས་ཏེ།  ཡུལ་དངོས་ཀྱི་མང་ཚོགས་ལ་ཕན་བཏགས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།