སློབ་གསོ་པུའུ་ཡིས་སློབ་སྔོན་སློབ་གསོ་ཁྱབ་བརྡལ་གཏོང་དགོས་པའི་རྫོང301ངེས་བཟུང་བྱས།
2025.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། སློབ་གསོ་པུའུ་ཡིས《2024ལོའི་སློབ་སྔོན་སློབ་གསོ་ཁྱབ་བརྡལ་གཏོང་དགོས་པའི་རྫོང་དང་གྲོང་ཁྱེར། ཆུས་བཅས་ཀྱི་མིང་ཐོའི་བརྡ་ཐོ་ཁྱབ་སྒྲོག》ཞེས་པ་པར་འགྲེམས་བྱས་པ་དང་། མིང་ཐོ་ལས་མངོན་པ་ལྟར་ན། 2024ལོར་སློབ་གསོ་པུའུ་ཡིས་ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་སོགས་རྫོང་དང་གྲོང་ཁྱེར། ཆུས་བཅས301སློབ་སྔོན་སློབ་གསོ་ཁྱབ་བརྡལ་གཏོང་བའི་རྫོང་དུ་ངོས་འཛིན་བྱས་ཡོད་ཅིང་། དེའི་ནང་ཀྲེ་ཅང་ཞིང་ཆེན་གྱི་ཧུའུ་ཀྲོའུ་གྲོང་ཁྱེར་དང་ཆུས་ཀྲོའུ་གྲོང་ཁྱེར་དང་། ཧྲན་ཏུང་ཞིང་ཆེན་གྱི་ཆིན་ཏའོ་གྲོང་ཁྱེར་དང་ཏུང་དབྱིན་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་གྱི་ཞ་མོན་གྲོང་ཁྱེར། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་པོ་ཨར་ཐཱ་ལ་སོག་རིགས་རང་སྐྱོང་ཁུལ་སོགས་གྲོང་ཁྱེར་དང་ཁུལ6ལ་རྒྱལ་ཁབ་ཀྱི་དཔྱད་འཇོག་ངེས་བཟུང་བྱས་ཚར།

བརྡ་ཐོ་ལས་ནན་གྱིས་བསྟན་དོན། ས་གནས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་བཅས་ལག་བསྟར་ནན་མོ་བྱེད་རྒྱུ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོའི་བཅའ་ཁྲིམས》སློབ་སྦྱོང་དང་ལག་བསྟར་དངོས་འབེབས་བྱས་ཏེ། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་དམ་འཛིན་གང་ལེགས་བྱས་ནས། སློབ་སྔོན་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ལས་དོན་ཟབ་སྤེལ་གཏོང་རྒྱུ་དེ་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཁྲོད་དུ་ངེས་གནས་གཏན་འཁེལ་བྱས་ནས་འཆར་འགོད་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་བའི་ཁྲོད་ཀྱི་རྨང་གཞིའི་སློབ་གསོའི་གཞི་རྩའི་ནུས་པ་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཀུན་སྤྱོད་འཛུགས་སྐྲུན་དང་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་རྒྱུ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་ཐུབ་པའི། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུར་དམིགས་བཙུགས་ནས། ཏང་གིས་སློབ་སྔོན་སློབ་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ཏེ། སྤྱི་ཕན་གྱི་གཞི་རྩའི་ཁ་ཕྱོགས་དམ་འཛིན་ནན་མོ་བྱས་ནས། སྲིད་གཞུང་གིས་གཙོ་འགན་འཁུར་རྒྱུ་དང་། སྤྱི་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོའི་ཁྲིམས་བཀོད་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། སློབ་སྔོན་སློབ་གསོའི་སྤྱི་ཕན་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སློབ་ཞུགས་སྔོན་གྱི་མི་འབོར་གྱི་གཞི་ཁྱོན་གྲུབ་ཚུལ་འགྱུར་ལྡོག་ལ་བརྟེན་ནས། འགྲན་སློང་གསར་པ་དང་བླང་བྱ་གསར་པར་ཞིབ་འཇུག་དང་བརྡར་གཅོད་ཡང་དག་བྱེད་རྒྱུ་དང་། ཉེ་དུས་དང་དུས་ཡུན་རིང་འབྲིང་དང་གསོག་ཚད་ལེགས་སྒྱུར་དང་འགྱུར་ཚད་ལུགས་མཐུན་ལེགས་སྒྲིག་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། ཡང་ལྕི་དལ་བྲེལ་གྱི་ཆ་གསལ་བོར་དགར་རྒྱུ་དང་། རྒྱང་ལྟའི་རང་བཞིན་གྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་ཞུགས་སྔོན་གྱི་མི་འབོར་འགྱུར་ལྡོག་མཐུན་སྦྱོར་བྱེད་པའི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མཁོ་སྤྲོད་ལམ་སྲོལ་འཛུགས་དགོས། སློབ་ཞུགས་སྔོན་གྱི་སློབ་གསོའི་སྤུས་ཚད་འདུ་ཤེས་སྔར་ལས་ཆེ་རུ་གཏོང་བ་དང་། དོན་སྙིང་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ། བུ་བཅོལ་ཁང་གིས་གསོ་སྐྱོང་དང་སློབ་གསོ་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པར་ཁྲིད་སྟོན་བྱེད་པ། རོལ་རྩེད་གཞི་རྩའི་བྱེད་སྒོ་རུ་འཛིན་རྒྱུ་དོན་འཁྱོལ་བྱེད་པ། སྣ་མང་ཕུན་སུམ་ཚོགས་པའི་སློབ་གསོའི་ཁོར་ཡུག་སྐྲུན་པ། བྱིས་པས་རང་འགུལ་ངང་འཚོལ་ཞིབ་དང་སློབ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ། བྱིས་པ་རོལ་རྩེད་དང་འཚོ་བའི་ཁྲོད་བདེ་ཐང་དང་བདེ་སྐྱིད་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ།  ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྐྱོང་དང་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་འདོད་བློ་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།