མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་བཏང་།
2025.02.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར།  མཚོ་སྔོན་གྱིས་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཁྱབ་ཁོངས་སུ་མུ་མཐུད་དུ་ནུས་ཤུགས་བཏོན་པ་དང་། ཕྱོགས་ཡོངས་ནས་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ལ། ཀྲུང་བོད་ལུགས་གསོ་རིག་གི་དགེ་མཚན་ལྡན་པའི་ཆེད་ལས་ཚན་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་འདོན་སྤྲོད་ལ་ཤུགས་བསྣན་ནས། མང་ཚོགས་ཀྱི་སྣ་མང་ཅན་གྱི་བདེ་ཐང་གི་དགོས་མཁོ་བསྐངས།

གཞུང་བཙུགས་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་གི་ལས་འབྲས་ཚད་ལེན་བྱ་བར་ཤུགས་བསྣན་པ་དང་། བླང་བྱ་ལྟར་ཀྲུང་བོད་ལུགས་གསོ་རིག་གི་ཉིན་རེའི་ནད་ཁང་གི་བྱ་བར་སྐུལ་འདེད་བཏང་ནས། སྨན་བཅོས་ཞབས་ཞུའི་སྤྱོད་ཚུལ་སྔར་ལས་ཚད་ལྡན་དུ་བཏང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་རྒྱུད་འཛིན་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང་། ས་གནས་སོ་སོས་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་གི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རིམ་པ་གསུམ་པའི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་གི་གློག་རྡུལ་ནད་ཐོའི་ཆུ་ཚད་རིམ་པ་བཞི་པར་སླེབས་པ་དང་། རིམ་པ་གཉིས་པའི་ཀྲུང་བོད་ལུགས་གསོ་རིག་སྨན་ཁང་གི་གློག་རྡུལ་ནད་ཐོའི་ཆུ་ཚད་རིམ་པ་གསུམ་པར་སླེབས་པའི་དམིགས་འབེན་སྔ་ས་ནས་མངོན་འགྱུར་བྱས། 

ལས་གཞི་སྐུལ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་ལ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་གོང་འོག་མཉམ་འགུལ་ལ་སྐུལ་འདེད་བཏང་ནས། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་ནུས་པ་མཐོར་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ཀྲུང་ལུགས་ཁྱབ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་། ཀྲུང་ནུབ་གསོ་རིག་མཉམ་སྡེབ་སྨན་ཁང་དང་ཀྲུང་ལུགས་ཀྱི་གཙོ་གནད་ཁྱད་ཆོས་ལྡན་པའི་སྨན་ཁང་བཅས་བཙུགས་པ་དང་། ལས་གཞི་ལག་བསྟར་མྱུར་ཚད་ཇེ་མགྱོགས་སུ་བཏང་། ཞིང་ཆེན་ཀྲུང་ལུགས་སྨན་ཁང་གིས་ཐེན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཟུར་གཏོགས་སྨན་ཁང་དང་པོ་དང་འབྲེལ་འདྲིས་མཉམ་ལས་ལ་ཤུགས་བསྣན་ནས། འཇོན་མི་ཁུ་བསྡུ་དང་ལག་རྩལ་མཉམ་ལས། དོ་དམ་མཉམ་སྡེབ། ཆ་འཕྲིན་མཉམ་འབྲེལ་མཉམ་སྤྱོད་སོགས་ཀྱི་ཕྱོགས་ནས་མཉམ་ལས་ཟབ་མོ་བྱས། ཀྲུང་ལུགས་གསོ་རིག་གི་འགོས་ནད་འགོག་བཅོས་རྟེན་གཞི་དང་འཕྲལ་བསྟུན་གསོ་རིག་རྒུད་སྐྱོབ་ལྟེ་གནས། ཀྲུང་ལུགས་ལུས་གསོའི་ལྟེ་གནས་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ཏེ། སྤུས་ལེགས་ཀྲུང་ལུགས་སྨན་བཅོས་ཐོན་ཁུངས་ཀྱི་སྤུས་ཀ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་། རྫོང་ཁོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱས་པ་དང་། རྫོང་རིམ་པའི་ཀྲུང་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་ནུས་པ་ཇེ་ཆེར་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་བོད་ལུགས་སྨན་ཁང་གི་ནུས་པ་མཐོར་འདེགས་དང་ཀྲུང་བོད་ལུགས་སྨན་པ་བཀོད་སྒྲིག་བྱེད་པར་ཤུགས་བསྣན་པ་དང་། ཀྲུང་བོད་ལུགས་སྨན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་ཀྲུང་བོད་ལུགས་གསོ་རིག་ཞབས་ཞུའི་དྲ་རྒྱ་ཚགས་དམ་པོར་བཟོས།

ཀྲུང་བོད་ལུགས་གསོ་རིག་གི་ཞབས་ཞུའི་འདོན་སྤྲོད་ལ་ཤུགས་བསྣན་པ་དང་། ཀྲུང་ལུགས་གསོ་རིག་གི་དགེ་མཚན་ལྡན་པའི་ཆེད་ལས་ཚན་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྒྲིག་གཞི་ལུགས་མཐུན་ཡིན་ལ་ཁྱད་ཆོས་དང་དགེ་མཚན་མངོན་གསལ་ལྡན་པ། ནད་ཐོག་སྨན་བཅོས་ཀྱི་ཕན་འབྲས་མངོན་གསལ་ལྡན་པ་བཅས་ཀྱི་ཆེད་ལས་ཚན་ཁག་མ་ལག་བཙུག་ས། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་སྤུས་ཀ་དོ་དམ་ལ་ཤུགས་བསྣན་པ་དང་། སྨན་བཅོས་སྤུས་ཀའི་བདེ་འཇགས་ལྟེ་བའི་ལམ་ལུགས་དོན་ཚན་བཅོ་བརྒྱད་དོན་འཁྱོལ་ནན་མོ་བྱས་ལ། ཞིང་ཆེན་རིམ་པ་དང་གྲོང་ཁྱེར་དང་ཁུལ་རིམ་པའི་ཀྲུང་བོད་ལུགས་གསོ་རིག་གི་སྤུས་ཀ་ཚོད་འཛིན་ལྟེ་གནས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་སྨན་བཅོས་སྤུས་ཀ་མུ་མཐུད་དུ་མཐོར་འདེགས་བཏང་།


ལྷ་མོ་འཚོས་བསྒྱུར།