གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་རྒྱལ་གྱི་ཚགས་དམ་ཅན་གྱི་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་རྒྱལ་ཡོངས་ཀྱི་རྫོང2188ལ་སྐུལ་འདེད་བཏང་ཡོད། 2025ལོའི་ལོ་མཇུག་ཏུ་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི90%ཡན་གྱི་ཚགས་དམ་ཅན་གྱི་ཚད་གཞིར་སླེབས་ནས། 2027ལོའི་ལོ་མཇུག་ཏུ་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་རྒྱུ་རེད། ས་གནས་སོ་སོས་གསོ་རིག་ཞིབ་བཤེར་དང་སྙིང་གློག་བརྟག་དཔྱད་སོགས་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་འབད་པས་བསྐྲུན་པ་དང་།“ཁྱབ་ཚུལ་རྣམ་པའི་བརྟག་དཔྱད་དང་གཅིག་བསྡུས་རྣམ་པའི་བརྟག་དཔྱད”ཁྱབ་བརྡལ་ཤུགས་ཆེན་བཏང་སྟེ། གཞི་རིམ་ལ་དགོས་ངེས་ཀྱི་གཞི་གྲངས་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད། སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་བརྙན་གཟུགས་ལྟེ་གནས་དེ་རྒྱལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི70%ཡན་གྱི་འཕྲོད་བསྟེན་ཁང་དུ་ཁྱབ་ཡོད་པས། གཞི་རིམ་ཞིབ་བཤེར་དང་གོང་རིམ་བརྟག་དཔྱད། འབྲས་བུ་མཉམ་སྤྱོད། ཕན་ཚུན་ཁས་ལེན་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
རྒྱལ་ཡོངས་ཀྱི90%ཙམ་གྱི་རྫོང་གི་རྫོང་རིམ་པའི་སྨན་ཁང་གིས་མངགས་གཏོང་བྱས་པའི་མི་སྣ་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཡོངས་སུ་ཁྱབ་ཐུབ་ཡོད་ཅིང་། 80%ཙམ་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་སྨན་བཅོས་འགན་སྲུང་གི་ཁོངས་སུ་བཅུག་ཡོད་པས། གྲོང་མིར་སྨན་བཅོས་བྱས་ནས་སྨན་རིན་རྩིས་རྒྱག་པར་སྟབས་བདེ་གང་ལེགས་བསྐྲུན་ཡོད། དུས་མཚུངས་སུ། ས་གནས་སོ་སོས་གྲོང་མིའི་བདེ་ཐང་གི་དགོས་མཁོར་འབད་པས་བསྟུན་ནས། དུས་ཆེན་གྱི་སྐབས་སུའང་སྨན་ཁང་གི་སྒོ་མི་རྒྱག་པ་དང་། ཀྲུང་ལུགས་གསོ་རིག་བདེ་ཐང་སོགས་ཀྱི་ཞབས་ཞུ་བྱེད་ཡུན་སྔར་ལས་ཇེ་རིང་དུ་བཏང་ནས། གཞི་རིམ་གྱི་སྨན་བཅོས་ལས་དོན་གྱིས་དམངས་ལ་སྟབས་བདེ་བསྐྲུན་པ་དང་དམངས་ལ་ཕན་ཁེ་སྟེར་བའི་བྱེད་ཐབས་སྔར་ལས་གང་མང་བཏོན་ནས། གྲོང་མིའི་སྨན་བཅོས་ཀྱི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་བཏང་།
བན་དེ་སྐྱབས་ཀྱིས་བསྒྱུར།