ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།
2025.02.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས14ཉིན། ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས། གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་སྒྲིག་འཛུགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། 2024ལོའི་ལས་ཁུངས་བཅོས་སྒྱུར་དང་ལས་ཁུངས་སྒྲིག་འཛུགས་བྱ་བ་ཕྱོགས་བསྡོམས་བྱས་ནས། 2025ལོའི་བཅོས་སྒྱུར་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་གཞུང་སྒྲུབ་ཁང་ཁོངས་གཏོགས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་པ་དང་། བཅོས་སྒྱུར་བྱེད་ཐབས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ནན་མོ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་འགན་སྲུང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཁུངས་སྒྲིག་འཛུགས་བྱ་བའི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་མུ་མཐུད་དུ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འཚམ་པའི་ལས་ཁུངས་ཀྱི་འགན་ནུས་མ་ལག་དང་ལམ་ལུགས་རྐྱེན་སྲོལ་འཐུང་ཚང་འཛུགས་པར་དམིགས་ནས། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དངོས་འབེབས་ཟབ་མོ་བྱེད་པ་དང་། ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་གཏོང་བ། ཁུལ་ཁོངས་གཙོ་བོའི་ལས་ཁུངས་ཀྱི་འགན་ནུས་དང་ལམ་ལུགས་རྐྱེན་སྲོལ་མུ་མཐུད་དུ་ལེགས་སྒྱུར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་གནད་ལ་འཁེལ་ཞིང་ནུས་པ་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས། གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་གཞུང་སྒྲུབ་ཁང་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བློ་སེམས་གཅིག་སྡུད་བྱེད་པ་དང་། ལས་ཁུངས་སྒྲིག་འཛུགས་བྱ་བའི་ཆོས་ཉིད་རང་བཞིན་གྱི་ཤེས་རྟོགས་མཐོ་རུ་གཏོང་བ། བཅོས་སྒྱུར་གསར་གཏོད་དང་དངོས་སྒྲུབ་དངོས་གཉེར་ཐད་ཤུགས་འདོན་པ་དང་། བྱ་བ་དམ་འཛིན་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་བཏང་སྟེ། ནུས་ཤུགས་ཡོད་རྒུས་ལས་ཁུངས་སྒྲིག་འཛུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ལྷ་མོ་འཚོས་བསྒྱུར།