གཙང་གསུམ་མགོ་ཁུངས་ཀྱི་གཅན་གཟན་གསའ་ཡི་ཁ་གྲངས་ཧ་ལམ1002ཡོད།
2025.02.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྣེ་ཁྲིད་དང་། ཧྭ་ཐེ་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་།  ཐིན་ཞྭོན་སྤྱི་ཕན་དགེ་སྒྲུབ་ཐེབས་རྩ་ཚོགས་པ།  ཨ་ལ་ཧྲན་SEEཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་འོག པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོབ་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་། རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས།  ཡོན་ཧྲང་ཚོའོ་རང་བྱུང་སྲུང་སྐྱོབ་ལྟེ་གནས གཉེན་པོ་གཡུ་རྩེ་སྐྱེ་ཁམས་སྲུང་སྐྱོབ་མཐུན་ཚོགས་སོགས་ལས་ཁུངས་ཀྱི་ཚན་རིག་ཞིབ་འཇུག་མི་སྣས་ས་གནས་ཀྱི་རྟོགས་ཞིབ་མི་སྣ་དང་མཉམ་འབྲེལ་བྱས་ཏེ།  གཙང་གསུམ་མགོ་ཁུངས་ས་ཁུལ་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས12ནས2015ནས2021བར་དུ་གསའ་སོགས་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་བྱས་པའི་བྱ་བར་སྤྱི་སྡོམས་བྱས།  རིམ་རྩིས་བྱས་ན་སྲོག་ཆགས་གསའ་ཡི་ཁེར་རྐྱང་འགུལ་སྐྱོད་ཟིན་ཐོ་ཐེངས་ཁྲི་ལ་ཉེ་བ་ཡོད།

ཚན་རིག་ཞིབ་འཇུག་ཚོགས་པས་གཙང་གསུམ་མགོ་ཁུངས་ཀྱི་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་དང་ཁྲི་དྲུག་ལྷག་གི་ས་ཁུལ་ནས་གསའ་ཡི་ཁ་གྲངས་རྩིས་ལེན་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་བ་དང་།  སྤུས་ཚད་མི་འདྲ་བ་དང་ཚབ་མཚོན་རང་བཞིན་ལྡན་པའི་གསའ་ཡི་གནས་ཚང་ལ་རིམ་དབྱེ་དཔེ་འདེམས་བྱས་ཏེ།  བརྟག་དཔྱད་ཁེབས་ཚད་ཧ་ལམ་གནས་ཚང་གི་རྒྱ་ཁྱོན་གྱི28%ཡིན་ལ།  རྒྱལ་སྤྱིའི་ཚད་གཞིའི20%ལས་བརྒལ་ཡོད།   དཔེ་དབྱིབས་ཚོད་རྩིས་བྱས་པ་བརྒྱུད།  རིམ་པ་དང་བོའི་འཇུག་འབྲས་ལས་མངོན་ལྟར་ན།  གཙང་གསུམ་མགོ་ཁུངས་ཀྱི་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་དང་ཁྲི་དྲུག་ལྷག་གི་ཁྱབ་ཁོངས་ནང་། སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཅིག་ལྷག་ནི་གསའ་ཡི་གནས་ཚང་བཅའ་བར་འཚམ་པའི་གནས་ཡིན་ལ།   ས་ཁུལ་དེའི་ནང་གསའ་ཡི་ཁྱབ་ཚད་ནི་སྤྱི་ལེ་གྲུ་བཞི་མ100རེའི་ནང་གསའ0.9རེ་ཡོད་པ་དང་།   རིགས་ཁྱུའི་ཁ་གྲངས་ཧ་ལམ1002ཡོད།  འབྲེལ་ཡོད་ཀྱི་ཞིབ་འཇུག་དཔྱད་འབྲས་དེ་རྒྱལ་སྤྱིའི་རིག་གཞུང་དུས་དེབ《སྐྱེ་དངོས་སྣ་མང་ཅན་དང་སྲུང་སྐྱོབ》ཞེས་པའི་སྟེང་སྤེལ་ཡོད་ལ།  འདི་ནི་རང་རྒྱལ་གྱིས་ཐེངས་དང་པོར་གཞི་རྒྱ་ཆེ་བའི་སྒོ་ནས་གཅན་གཟན་གསའ་ལ་ཞིབ་འཇུག་བྱས་པ་ཡིན་ལ།  མིག་སྔའི་འཛམ་གླིང་སྟེང་སྤེལ་བའི་གཅན་གཟན་གསའ་ཡི་ཁ་གྲངས་ཀྱི་བརྟག་དཔྱད་དཔྱད་འབྲས་ཚད་གཞི་ཆེ་ཤོས་དེ་ཡིན་པ་དང་།  རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་ཀྱི་ཁ་གྲངས་ཚོད་རྩིས་བྱེད་ཐུབ་པ་ར་སྤྲོད་བྱས།  རྩ་ཆེ་བའི་སྲོགས་ཆགས་འདིའི་སྲུང་སྐྱོབ་བྱ་བར་གལ་ཆེ་བའི་གཞི་གྲངས་ཀྱི་འདེགས་སྐྱོར་དང་ཚན་རིག་གི་གཞི་འཛིན་ས་མཁོ་སྤྲོད་བྱས་པ་དང་།  རང་རྒྱལ་གྱི་སྲོགས་ཆགས་གསའ་ཡི་བརྟག་དཔྱད་ཞིབ་འཇུག་ལ་བྱས་རྗེས་གལ་ཆེན་བཞག་ཡོད།

IUVN མིང་ཐོ་དམར་པོ་ལས་ཁྱབ་བསྒྲགས་བྱས་པ་ལྟར་ན།  འཛམ་གླིང་གི་ཚོད་རྩིས་བྱས་པའི་སྲོག་ཆགས་གསའ་ཡི་རིགས་ཁྱུའི་ཁ་གྲངས7446ནས7996བར་ཡིན་པ་དང་།  ཐེངས་འདིའི་ཞིབ་འཇུག་དང་འབྲེལ་བའི་གཙང་གསུམ་མགོ་ཁུངས་ཀྱི་སྲོག་ཆགས་གསའ་ཡི་རིགས་ཁྱུའི་ཁ་གྲངས་ཚོད་རྩིས་དེའི10%ལ་སླེབས་ཡོད་པས།  གཙང་གསུམ་མགོ་ཁུངས་ཀྱི་སྲོགས་ཆགས་གསའ་ཡི་ཚད་མཐོའི་སྲུང་སྐྱོབ་རིན་ཐང་མངོན་ཡོད་པ་དང་།  འཛམ་གླིང་གི་གསའ་ཡི་སྲུང་སྐྱོབ་བྱ་བའི་ཁྲོད་རང་རྒྱལ་གྱི་གོ་གནས་མངོན་ཡོད།  ཐེངས་འདིའི་ཞིབ་འཇུག་གིས་རྗེས་ཕྱོགས་ཀྱི་གསའ་ཡི་ཚད་ཆེ་བའི་ཞིབ་འཇུག་ལ་ལག་རྩལ་དཔྱད་གཞི་མཁོ་སྤྲོད་བྱས་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།