རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་གཉིས་པ་འཚོགས།
2025.02.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས20ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་གཉིས་པ་བསྡུས།  ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲ་སྒྲིག་བྱ་བ་ཡག་པོར་སྒྲུབ་པའི་སྐོར་གྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་བྱས་པ་དང་། ཚན་སྐོར་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོའི་གྲ་སྒྲིག་འཕེལ་རིམ་གནས་ཚུལ་ལ་ཉན་ནས་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས།

ཚོགས་འདུ་ལས་བསྟན་དོན་།  གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་དང་པོ་བསྡུས་པ་ནས་བཟུང། ཚན་སྐོར་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་འགན་གྱི་འདུ་ཤེས་ཆེན་པོས་ཧུར་ཐག་གིས་འགན་འཁུར་བ་དང་། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་པ། མཐུན་སྦྱོར་མཉམ་འགུལ་ལ་མཐོང་ཆེན་བཅས་བྱས་ཏེ། ཏན་ཏིག་དང་ནུས་ལྡན་གྱི་གྲ་སྒྲིག་བྱ་བ་ཡག་པོར་སྒྲུབ་སྟེ། མཚོ་སྔོན་ཚོགས་པ་བདེ་བླག་ངང་ཚོགས་འདུར་ཞུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།  ཚན་སྐོར་སོ་སོ་དང་ལས་ཁུངས་སོ་སོས་ཡང་བསྐྱར་བསྡུར་བ་དང་། ཡང་བསྐྱར་ཆད་སྐྱོན་ཞིབ་བཤེར་བྱེད་པ། ཡང་བསྐྱར་སྟོང་ཆ་གསབ་པ་བཅས་བྱས་ཏེ། གྲ་སྒྲིག་བྱ་བ་སོ་སོ་ཞིབ་ཕྲའི་སྒོ་ནས་དོན་འཁྱོལ་ཡག་པོ་བྱས་ནས། འཐུས་ཚབ་ཚོགས་པས་ཚོགས་འདུར་ཞུགས་པའི་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་འབྱུང་བར་འགན་ལེན་བྱེད་དགོས་པར་བསྟན།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གལ་ཆེན་རང་བཞིན་དང་མཚོ་སྔོན་ཚོགས་པའི་གྲ་སྒྲིག་བྱ་བ་ཡག་པོར་སྒྲུབ་པའི་ཛ་དྲག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་སྟེང་ནན་ཏན་གྱིས་གཅིག་གྱུར་བྱས་ཏེ། ཞབས་ཞུའི་འགན་སྲུང་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་དགོས། ཞིང་ཆེན་ཏང་ཨུའི་བླང་བྱ་དང་འཐུས་ཚབ་ཚོགས་པའི་བྱ་བའི་ཇུས་གཞི་དོན་འཁྱོལ་ནན་མོ་དང་ལས་འགན་ཞིབ་ཕྲ། བྱ་བའི་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་བྱེད་པ། ཚོགས་ཆེན་ཐེངས་སྔོན་མའི་ཞབས་ཞུའི་འགན་སྲུང་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བཅས་བྱས་ཏེ།  ཁྱབ་ཁོངས་སོ་སོའི་འབྲེལ་མཐུད་བདེ་བླག་དང་བྱེད་ཐབས་སོ་སོ་དོན་འཁྱོལ་གནད་ལ་འཁེལ་བར་འགན་ལེན་བྱ་དགོས། ཚན་སྐོར་སོ་སོ་དང་ལས་ཁུངས་སོ་སོས་འགན་འཁྲི་ཡག་པོར་སྒྲུབ་པ་དང་བྱ་བའི་འགན་འཁྲི་ཇེ་དམ་དུ་གཏོང་བ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། གནད་ལ་འཁེལ་བའི་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཞབས་ཞུའི་ཆུ་ཚད་སྤུས་ལེགས་དང་བསམ་པའི་རྣམ་པ་བཟང་པོར་བརྟེན་ནས་ཞབས་ཞུའི་འགན་སྲུང་བྱ་བའི་ཁྲོད་ལེགས་པོར་ཞུགས་ཏེ།  མཚོ་སྔོན་གྱི་ལས་བྱེད་པའི་དཔུང་སྡེའི་སྣང་བརྙན་ལེགས་པོར་མངོན་དགོས།

གཡང་འབུམ་རྒྱལ་གྱིས་བསྒྱུར།