ཟླ2པའི་ཚེས19ཉིན། མགོ་ལོག་ཞིང་ཚོང་དངུལ་ཁང་གིས2025ལོའི་ཚོང་གཉེར་བྱ་བའི་ཚོགས་འདུ་བསྡུས་ནས།“ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ”དང་། ཀྲུང་དབྱང་ཞིང་སྡེའི་བྱ་བའི་ཚོགས་འདུ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་བྱ་བའི་ཚོགས་འདུའི་སྟེང་གི་གཏམ་བཤད་གལ་ཆེན་གྱི་ནང་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཞིང་ཆེན་མཉམ་འབྲེལ་ལྷན་ཚོགས་ཀྱི2025ལོའི་ཏང་འཛུགས་སྐྲུན་དང་ཚོང་གཉེར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས། མགོ་ལོག་ཞིང་ཚོང་དངུལ་ཁང་གི2024ལོའི་བྱ་བར་ཕྱོགས་བསྡོམས་དང2025ལོའི་ཚོང་གཉེར་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། མགོ་ལོག་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་སྐོར་ཞིག་གི་མི་སྣ་ཚོགས་འདུར་ཞུགས།
ཚོགས་འདུ་ལས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་པས། ཞིང་ཆེན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཏན་འཁེལ་བྱས་པའི“སྒྲིག་སྲོལ་དང་མཐུན་པའི་མཐོར་འདེགས་ལོ”གོ་སྐབས་སུ་བརྩིས་ཏེ།“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། མགྲོན་པོའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཐབས་ལམ་མང་པོའི་སྟེང་ནས་ཡོང་འབབ་འཕར་སྣོན་དང་ཕན་འབྲས་ཆེ་རུ་གཏོང་བ། གཙོ་གནད་ཉེན་ཁ་དོ་དམ་གྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་བྱེད་པ་སོགས་ཀྱི་ཐད་ནས།“ཞིང་གསུམ་ཕྱུགས་གསུམ”ལ་ཞབས་འདེགས་ཞུ་བར་དངུལ་རྩའི་རོགས་སྐྱོར་བྱས་ཏེ། མགོ་ལོག་ས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིས་ས་གནས་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཞིང་ཚོང་སྟོབས་ཤུགས་འདོན་སྤེལ་ཡག་པོ་བྱེད་དགོས།
ཚོགས་འདུ་ལས་གཅིག་ནི་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཡིད་རྟོན་དངུལ་བུན་ཐོན་ཁུངས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་བ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ། མི་སེར་གྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་དགོས། གཉིས་ནི་གྲོང་གསེབ་དར་སྤེལ་གྱི་དངུལ་རྩའི་ཞབས་ཞུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དངུལ་རྩའི་གཙོ་ཤུགས་དམག་དཔུང་གི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། གྲོང་གསེབ་ཀྱི་དངུལ་རྩའི་ཐོན་ཁུངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། གསུམ་ནི་དངུལ་རྩའི་ཉེན་ཁར་དོགས་ཟོན་ཏན་ཏིག་བྱས་ཏེ།ཐོག་མཐའ་བར་གསུམ་དུ་ཉེན་ཁའི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིགས་བརྟན་པོར་གཏོང་དགོས་པ་དང་། ཉེན་ཁའི་དོ་དམ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་ཉེན་ཁ་དབྱེ་འབྱེད་དང་། ཚོད་དཔག ལྟ་ཞིབ་ཚད་ལེན་ཚོད་འཛིན་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། ཉེན་ཁའི་སྔོན་འགོག་ནུས་པ་ཆེ་རུ་གཏོང་དགོས། སྲིད་གཞུང་སྡེ་ཁག་དང་དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཁག་བར་གྱི་མཉམ་ལས་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་བཟང་པོ་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། བུ་ལོན་གཡོལ་ཐབས་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། དངུལ་རྩའི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་དངུལ་རྩའི་ལས་ཁུངས་འཕེལ་རྒྱས་ཡོང་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས།
བཞི་ནི་གྲོང་གསེབ་ཡིད་རྟོན་མཉམ་ལས་ཁང་བཅོས་སྒྱུར་བྱ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། 2025ལོ་ནི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡིད་རྟོན་མ་ལག་བཅོས་སྒྱུར་བྱ་བ་སྤེལ་མགོ་རྩོམ་པར་སྐུལ་འདེད་གཏོང་བའི་ལོ་དང་པོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྟོག་ཞིབ་བྱེད་པའི་ལག་ལེན་དངོས་ཤིག་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་བྱེད་པའི་བྱེད་ཐབས་དངོས་ཤིག་ཀྱང་ཡིན། མགོ་ལོག་ཞིང་ཚོང་དངུལ་ཁང་གིས་བཅོས་སྒྱུར་མ་བྱས་གོང་གི་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་རྐང་དབང་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྦྱོར་བྱེད་པ་སོགས་ཀྱི་ཐད་སྔ་མོ་ནས་འཆར་འགོད་བྱས་ཏེ། ལག་ལེན་དངོས་ཀྱི་ཇུས་གཞི་བཏོན་ཏེ་གོ་རིམ་རྗེས་མའི་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། དངུལ་ཁང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་སྐོར་ཞིབ་བཅོས་སྒྲིག་ ལེགས་སྒྲུབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ནས། འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོ་དོན་འཁྱོལ་བྱས་ཏེ། ལྷག་བསམ་གཙང་ཞིང་འགན་འཁུར་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱས་ནས། ཚད་གཞི་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱིས་སྔར་ལས་རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ལམ་བུའི་སྟེང་བསྐྱོད་དགོས།
གཡང་འབུམ་རྒྱལ་གྱིས་བསྒྱུར།