ཟླ2པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་དབང་རྒྱུ་ནོར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་ཆེད། མཚོ་སྔོན་གྱིས་ཁུལ་ཁོངས་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་མ་ལག་འཛུགས་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དང་། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱ་བའི་རྣམ་པ་གསར་བ་བཏོད་པ་དང་འཕེལ་རྒྱས་འཆར་འགོད་བྱེད་པར་སྐུལ་འདེད་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གཉིས་དང་མཉམ་འབྲེལ་སྒོས་ཁུལ་ཁོངས་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་མ་ལག་འཛུགས་པའི་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི་འགྲེམས་སྤེལ་བྱས་ནས། སྡེ་ཁག་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་མཐོར་འདེགས་བཏང་བ་དང་། རྒྱལ་དབང་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་། ཇུས་གཞི་ཡིས་རྒྱལ་དབང་རྒྱུ་ནོར་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་གཞི་གྲངས་ལྟེ་གནས་གཅིག་འདོམས་སྒོས་འཛུགས་པ། རྒྱལ་དབང་རྒྱུ་ནོར་གྱི་རྨང་གཞིའི་གཞི་གྲངས་བཅོས་སྐྱོང་ལ་ཤུགས་སྣོན་པ། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་གཞི་གྲངས་ལྟེ་གནས་ཀྱི་ཕན་ནུས་འདོན་སྤེལ་བྱེད་པ་བཅས་ཀྱི་དུས་རིམ་བཞིར་དམིགས་ནས། དུས་རིམ་སོ་སོའི་བྱ་བའི་ལས་འགན་དང་འགན་འཁྲི་གཙོ་བོ་གཏན་འཁེལ་གསལ་བོ་བྱས་པ་དང་། ཇུས་ཤུགས་མཉམ་འདོན་བྱས་ཏེ་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་སྒྲིག་གཞི་གྲུབ་ལ། རྒྱལ་དབང་རྒྱུ་ནོར་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ཞབས་འདེགས་ཞུ་བ། དམངས་ཚིས་ལེགས་སྒྱུར་དང་འགན་སྲུང་བྱེད་པ་སོགས་ཐད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས།
ཁུལ་ཁོངས་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་མ་ལག་གི་ཞིབ་འཇུག་རྨང་གཞི་སྲ་བརྟན་གཏོང་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་དང་མཉམ་ལས་བྱེད་པར་སྔར་ལས་ཤུགས་བསྣན་པ་དང་། ཁུལ་ཁོངས་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་གཏོང་བར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ལ། ཁེ་ལས་དང་ས་གནས་ཀྱི་དངུལ་རྩའི་ཁེ་ལས། སྲིད་འཛིན་ལས་དོན་རང་བཞིན། རང་བྱུང་ཐོན་ཁུངས་ཀྱི་རིགས་ཆེན་པོ་བཞིའི་རྒྱལ་དབང་རྒྱུ་ནོར་བར་གྱི་འབྲེལ་བ་དང་མཉམ་ལས་ནུས་སྣང་ལ་དོ་སྣང་བྱས་པ་དང་། ཁུལ་ཁོངས་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་གསོག་འཇོག་སྣ་མང་ཅན་དང་། གསར་གཏོད་རང་བཞིན་གྱི་གྱོད་དོན་ལ་བགྲོ་གླེང་ཞིབ་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་བདེ་ཐང་འཕེལ་རྒྱས་དང་སྤུས་ནུས་མཐོར་འདེགས་ཡོང་བར་དཔྱད་གཞི་དང་དཔེ་ལྟོས། འདྲ་བཤུས་བཅས་བྱེད་ཆོག་པའི་ཉམས་མྱོང་འདོན་སྤྲོད་བྱས།
རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བར་གྱི་འབྲེལ་འདྲིས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་གྱི་ཆེ་ཕྱོགས་སྲིད་ཇུས་ཁ་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་ལ་ཤུགས་བསྣན་ནས། ཕྱོགས་གཅིག་ལ་ནུས་ཤུགས་འདོན་པ་དང་མཉམ་གཅིག་ཏུ་རྒྱུགས་ལན་འདེབས་དགོས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱེད་ཐབས་གཏན་འབེབས་བཟོ་བར་གཅིག་འདོམས་སྒོས་སྐུལ་འདེད་བཏང་སྟེ། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་མ་ལག་གི་སྒྲོམ་གཞི་འཐུས་ཚང་འཛུགས་དགོས། རྒྱལ་དབང་ཁེ་ལས་ཀྱི་མིང་ཐོའི་དོ་དམ་ལ་ཤུགས་སྣོན་པ་དང་། རྒྱལ་དབང་རྒྱུ་ནོར་གཙང་བཤེར་ཞིབ་དཔྱད་སོགས་ཀྱི་བྱ་བ་བསྒྲུབ་ནས། གཞི་གྲངས་ཀྱི་རྨང་གཞི་སྲ་བརྟན་གཏོང་བ་དང་། སྡེ་ཁག་བར་གྱི་འཕྲེད་ཕྱོགས་མཉམ་འབྲེལ་མཉམ་མཐུད་དང་། ཞིང་ཆེན་དང་གྲོང་ཁྱེར་རྫོང་བཅས་རིམ་པ་གསུམ་གྱི་གཞུང་ཕྱོགས་མཉམ་སྤྱོད་མཉམ་བཀོལ་ལ་སྐུལ་འདེད་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།