མཚོ་སྔོན་ཞུན་ཧྭ་ཡིས་ཞི་ཀྭ་སུར་པན་དང་སྦྲེལ་འདེབས་བྱས་ནས་ལོ་ལེགས་བྱུང་།
2025.03.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས28ཉིན། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་རྨ་ཆུའི་སྔོ་ཚལ་གྱི་སླེ་བོ་མཐོ་སྒང་གི་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་གླིང་གི་དྲོད་ཁང་ནང་དུ་སྒོར་ཞིང་ཆེ་བའི་ཆུ་ཀུབ་རེ་རེ་ལོ་མའི་གསེབ་ནས་མངོན་པ་དང་། སུར་པན་སྟར་ཕྲེང་རེ་རེ་ལ་ཡལ་ག་དང་ལོ་མ་རྒྱས་ཡོད་ལ། ལྗང་མདོག་གི་སུར་པན་གྱི་སྐྱེ་མཚར་གྱིས་མི་ལ་དགའ་སྣང་སྟེར་ཐུབ།

འདེབས་འཛུགས་མཁན་ཝེ་ལིས་ཁོས་ཀྱིས་དྲོད་ཁང་ནང་ལས་ཀ་བྱེད་ཞོར་དུ་ད་ལོ་ངས་དྲོད་ཁང8ལ་འདེབས་འཛུགས་བྱས་པ་དང་། དྲོད་ཁང་རེ་རེའི་ཆུ་ཀུབ་ཀྱི་ཐོན་ཚད་ལ་རྒྱ་མ500ཡས་མས་ཡོད་པ་དང་། ཐོན་ཚད་ཕལ་ཆེར་སྒོར4000ལྷག་ཡིན། མིག་སྔར་ཆུ་ཀུབ་ཁྲོམ་རར་ཕྱིར་འཚོང་བྱེད་བཞིན་ཡོད་པ་དང་།  དྲོད་ཁང་ནང་དུ་ཡོང་ནས་འཐུ་མཁན་གྱི་མགྲོན་པོ་ཡང་ཧ་ཅང་མང་ཟེར།

ཝེ་ལིས་ཁོས་ཀྱིས་གསར་འགོད་པར་བཤད་རྒྱུར། དྲོད་ཁང་གཅིག་གི་ནང་དུ་ཆུ་ཀུབ་དང་སུར་པན་འདེབས་འཛུགས་གི་རྣམ་པས་དྲོད་ཁང་གི་བར་སྟོང་དང་ཐོན་ཁུངས་བཀོད་སྤྱོད་བྱས་པར་མ་ཟད། ས་འགྱིག་དང་ཆུའི་ཐོན་ཁུངས། ལུད་རྫས་བཅས་མཉམ་སྤྱོད་དང་། ས་ཞིང་གི་སྤྱིའི་བཀོད་སྤྱོད་ཚད་ཇེ་མཐོར་སོང་བ་དང་། སུར་པན་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག དྲོད་ཁང་རེ་རེའི་ཡོང་འབབ་སྒོར4000དང་། སྔོན་གྱི་འདེབས་འཛུགས་སྣ་གཅིག་དང་བསྡུར་ན་འདེབས་འཛུགས་སྔར་ལས་སྤུས་ལེགས་ཡིན་།

ཞིན་ཧྭ་རྫོང་རྨ་ཆུའི་སྔོ་ཚལ་གསར་སྤེལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་མཱ་ཞའོ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིན་ཧྭ་རྫོང་གིས་སུར་པན་དང་ཀྲོ་མ་ཀྲུ་སོགས་འདེབས་འཛུགས་གསར་བའི་རྣམ་པ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། སྲོལ་རྒྱུན་གྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་རིག་ལམ་གསར་བ་གསར་གཏོད་བྱས། རྨ་ཆུའི་སྔོ་ཚལ་སླེ་བོ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་ཟིའི་འདེབས་འཛུགས་པའི་དྲོད་ཁང་གི་ནང་དུ་འདེབས་འཛུགས་བྱེད་པར་སྣེ་ཁྲིད་བཟང་བོ་བྱེད་པ་དང་། རྒྱ་ཁྱོན་མུའུ20ལ་སླེབས་པ་དང་།  འདེབས་འཛུགས་ཁྱིམ་ཚང་གིས་ལོ་རེར་ཡོང་འབབ་སྒོར་ཁྲི8ཡས་མས་འཕར་སྣོན་བྱུང་ཡོད་ལ། མིག་སྔར་འདེབས་འཛུགས་བྱེད་པ་ལ་ཅིན་ཞིན་ཆུ་ཀུབ་དང་། ལོ་ལན་ཀྲོ་མ་ཀྲུ། སྲན་མ་སོགས་སྔོ་ཚལ་ཚོང་རར་ཕྱིར་འཚོང་བྱེད་བཞིན་ཡོད།


ཏིང་འཛིན་མཚོ་མོས་བསྒྱུར།