གསུམ་བརྒྱད་བུད་མེད་དུས་ཆེན་ཐེངས་བརྒྱ་དང་བཅོ་ལྔ་བ་ཐོན་ལ་ཉེ་བས་དུས་འདིར། ཟླ4བའི་ཚེས4ཉིན་ནས་ཚེས6ཉིན་བར། ཞིང་ཆེན་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས"ཏང་འཛུགས་བྱ་བའི་སྣེ་ཁྲིད་འོག་བུད་མེད་ཀྱིས་འཕེལ་རྒྱས་ལ་ཤུགས་འདོན་པ"ཞེས་པའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བུད་མེད་ལས་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་སློབ་སྦྱོང་གི་བྱ་འགུལ་སྤེལ་ཏེ། ཆེད་དོན་འཆད་ཁྲིད་བྱེད་པ་དང་སྔོན་ཐོན་བྱས་རྗེས་སྒྲོག་འགྲེལ་བྱེད་པ། ཡུལ་དངོས་ནས་ལྟ་ཞིབ་དང་སློབ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པས། རྒྱ་ཆེ་བའི་བུད་མེད་ལས་བྱེད་པས་དཔལ་འབྱོར་བཅོས་བསྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བུད་མེད་ཀྱི་བློ་གྲོས་འདོན་པར་ཁྲིད་སྟོན་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བུད་མེད་ལས་བྱེད་པ་སུམ་བརྒྱ་ལྷག་བྱ་འགུལ་ཁྲོད་ཞུགས།
ཟླ3པའི་ཚེས4ཉིན་སྤེལ་བའི་དཔལ་འབྱོར་བཅོས་བསྒྱུར་གྱི་སྣེ་ཁྲིད་འོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པའི་ཆེད་དོན་འཆད་ཁྲིད་ཁྲོད། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དཔལ་འབྱོར་རིག་པའི་ཁྲིད་དཔྱོད་ཁང་གི་ཀྲུའུ་རིན་གཞོན་པ། དགེ་རྒན་ཆེན་མོ་མཱ་ཀོའུ་ཧྥང་གིས་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་མ་ལག་བཅོས་བསྒྱུར་གྱི་སྣེ་ཁྲིད་ནུས་པ་ཟབ་སྤེལ་དང་། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་དང་ལེགས་ཆ་གསར་བའི་སྐུལ་འདེད་དང་འཐུས་ཚང་གཏོང་བ་བཅས་ཕྱོགས་གསུམ་གྱི་སྒོ་ནས། དཔལ་འབྱོར་སྒྲིག་སྲོལ་བཅོས་བསྒྱུར་གྱི་འཐབ་ཇུས་དོན་སྙིང་དང་ལག་ལེན་ཐབས་ལམ་ལ་མ་ལག་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་པ་མ་ཟད། བཅོས་བསྒྱུར་བསམ་བློས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་གལ་ཆེན་རང་བཞིན་ལ་རྒྱས་འགྲེལ་བྱས། འཆད་ཁྲིད་ལ་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་ཟབ་ཚད་ཀྱང་ལྡན་པས། ཚོགས་ར་ཡོངས་ནས་དགའ་བསུ་ཐོབ།
ཟླ3པའི་ཚེས6ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བུད་མེད་ཀྱིས་ཤུགས་འདོན་པའི་སྒྲོག་སྤེལ་བྱ་འགུལ་སྤེལ་བ་དང་། གཞུང་ལུགས་བགྲོ་གླེང་དང་ལག་ལེན་མཉམ་སྤྱོད་བྱེད་པ་ཟུང་འབྲེལ་བྱས་ཏེ། གཙང་གསུམ་མགོ་ཁོངས་ཀྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་། ནུབ་ཁུལ་གཏེར་ལས་མཐུན་ཚོགས་ཚད་ཡོད་ཀུང་ཟི། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རྩོམ་རིག་རྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། སྦྲགས་སྲིད་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་སོགས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བུད་མེད་ལས་བྱེད་པའི་འཐུས་ཚབ་པས། སོ་སོའི་ལས་གནས་ཀྱི་འགན་ཁུར་བའི་བྱ་སྤྱོད་དང་། ཐུན་མོང་མ་ཡིན་པའི་བློ་གྲོས་དང་ཞིབ་ཚགས་ཀྱི་མཐོང་སྣེ། མཚོ་སྔོན་གྱི་སྤུད་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་བཏོན་པའི་འབད་བརྩོན་གྱི་གཏམ་རྒྱད་སོགས་མཉམ་སྤྱོད་བྱས་ནས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བུད་མེད་ལས་བྱེད་པ་རྣམས་ཀྱིས་ལས་རིགས་ཁྱབ་ཁོངས་མི་འདྲ་བ་ནས་བུད་མེད་ཀྱི་གཟི་ཉམས་མངོན་པར་བྱས།
སྒྲོག་སྤེལ་ཚོགས་འདུ་མཇུག་རྫོགས་རྗེས། མཉམ་དུ་ནུབ་ཁུལ་གཏེར་ལས་མཐུན་ཚོགས་ཚད་ཡོད་ཀུང་ཟིར་སོང་ནས། ཐེངས་འདིའི་མུ་འབྲེལ་བྱ་འགུལ་ནི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་རྣམ་པར་བརྟེན་ཏེ། དུས་རབས་གསར་བའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བུད་མེད་ལས་བྱེད་པའི་བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་པའི་འགན་ཁུར་དང་གཟི་ཉམས་མངོན་ཡོད་ལ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།