མཚོ་སྔོན་རྨ་ལྷོ་ཁུལ་གྱིས་དྲོད་ཁོལ་སྦྱིན་པའི་བྱེད་ཐབས་ཀྱིས་བུད་མེད་དང་བྱིས་པའི་བདེ་སྐྱིད་བསྐྲུན།
2025.03.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས7ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་གི་སློབ་མ་རིག་འཛིན་སྒྲོལ་མའི་བཀའ་དྲིན་བསམ་བཞིན་བཤད་རྒྱུར། སློབ་རོགས་མ་དངུལ་གྱི་བཀའ་དྲིན་ཡིན། སློབ་གྲོགས་མ་དངུལ་དེས་ང་རང་མུ་མཐུད་དུ་སློབ་ཁང་དུ་བསྡད་ནས་སློབ་སྦྱོང་བྱེད་པའི་སྐལ་བ་བྱུང་ཡོད་ཟེར། འདི་ནི་རྨ་ལྷོ་ཁུལ་གྱི་བུད་མེད་དང་བྱིས་པའི་འགན་སྲུང་ལས་དོན་གྱི་བསྡུས་གཟུགས་ཤིག་ཡིན་ལ། རྨ་ལྷོ་ཁུལ་གྱིས་བུད་མེད་དང་བྱིས་པའི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། དེའི་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཡོད། 2024ལོའི་ལོ་མགོ་ནས2025ལོའི་ཟླ3པའི་ཚེས7ཉིན་བར། དཀའ་ཁག་ཅན་གྱི་བུད་མེད་སློབ་མ150ལ་སློབ་གསོའི་རོགས་དངུལ་ཁྲི32དོན་འཁྱོལ་བྱས་པ་དང་། སྒོར་ཁྲི19ཡིས་འབྲས་སྐྲན་ནད་བྱུང་བའི་དཀའ་ཁག་ཅན་གྱི་བུད་མེད19ལ་རོགས་སྐྱོར་བྱས།

རྨ་ལྷོ་ཁུལ་གྱིས་ཐོན་ཁུངས་བསྡུ་སྒྲིལ་བཟང་བོ་བྱས་ཏེ། རྒྱ་ཆེ་བའི་སྟེགས་བུ་འཛུགས་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་བུད་མེད་ཀྱི་འགུལ་སྐྱོད་ལག་བསྟར་བྱས་པ་བརྒྱུད། དྲ་ཐོག་དང་ཡུལ་དངོས་ནས་དཔྱིད་རླུང་འགུལ་སྐྱོད་རྩ་འཛུགས་བྱས་ལ། ཁེ་ལས་ཀྱི་ལས་ཞུགས་དགོས་མཁོ་དང་བུད་མེད་ཀྱི་ལས་ཞུགས་འདོད་བློ་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་ནས་བུད་མེད་ལ་ལས་ཞུགས་དང་ཡོང་འབབ་འཕར་བའི་ཐབས་ལམ་གསར་བ་གཏོད་དགོས།  ལས་གཏོད་དང་གསར་གཏོད་གཏིང་ཟབ་ཏུ་གཏོང་དགོས་པ་དང་། བུད་མེད་ཀྱི་འགུལ་སྐྱོད་གསར་པ་དང་། ཞིང་ཆེན་དང་ཁུལ་རིམ་པའི“བུད་མེད་ལས་གཏོད་པའི་དཔེ་སྟོན་རྟེན་གཞི”གསོ་སྐྱོང་བྱས་ཏེ་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་བུད་མེད་སྔར་ལས་མང་བོ་ལས་སྐྲུན་ལས་བཏོད་ནང་ཞུགས་པར་སྐུལ་མ་གཏོང་དགོས། གཞན་ཡང་རྨ་ལྷོ་ཁུལ་ཀྱིས་ལས་རིགས་སོ་སོའི་རྩལ་ནུས་གསོ་སྦྱོང་བྱས་པ་དང་། དེའི་ནང་བུད་མེད་ཀྱི་ལག་ཟས་འགྲན་བསྡུར་དང་། ལག་ཤེས་ཐོན་རྫས་བཟོ་སྐྲུན། གཙང་བོའི་མགོ་ཁུངས་ཀྱི་བུད་མེད་འཚེམ་དྲུབ་པ་དང་ཁྱིམ་ལས་ཞབས་ཞུ་སོགས་བཅས་ཚུད་ཡོད།

ཕྱོགས་ཡོངས་ནས་བུད་མེད་ཀྱི་ལས་རིགས་རྩལ་ནུས་དང་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་བཏང་ནས་གྲོང་གསེབ་དར་རྒྱས་ཡོང་བར་བུད་མེད་ཀྱི་སྟོབས་ཤུགས་བསྣན་ཡོད།

དེར་མ་ཟད། ཁེ་དབང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་ཡོད་རྒུས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱས། ཞིང་ཆེན་ཡོངས་སུ་བུད་མེད་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་གྲོང་གསེབ་འགྲུལ་བཞུད་དང་། མཚོ་སྔོན་གྱི་ཨ་ཅེ་དང་མཛེས་སྡུག་འཆམ་མཐུན་གྱི་ཁྱིམ་གཞིས་བྱས་པའི་ཁྲིམས་ལུགས་ཁྱིམ་ཚང་ལ་སྐྱེལ་བའི་དཔེ་སྟོན་བྱེད་སྒོ་སྤེལ་བ་དང་། གྲོང་གསེབ་གྱི་བཅའ་ཁྲིམས་ཤེས་མཁན་དང་། བུད་མེད་བཅའ་ཁྲིམས་ཤེས་མཁན། མཚོ་སྔོན་ཨ་ཅེའི་གཞུག་རོགས་ཚོགས་པ། ཞིང་སྡེའི་ཁྲིམས་སྦྱོང་ཁྲིམས་བཀོལ་དཔེ་སྟོན་ཁྱིམ་ཚང་།  གཙང་བོའི་མགོ་ཁུངས་ཀྱི་བྱམས་ལྡན་ཨ་མའི་འཐུས་མི་སོགས་དང་བླངས་ཞབས་ཞུ་རུ་ཁག་ལྔའི་ནུས་པ་འདོན་པར་དོ་སྣང་བྱས་ཡོད། ད་ལྟའི་བར་དུ་རྨ་ལྷོ་ཁུལ་གྱི་བུད་མེད་བཅའ་ཁྲིམས་ཤེས་མཁན293གསོ་སྐྱོང་བྱས་པ་དང་ཁོ་མོ་ཚོ་གཞི་རིམ་གྱི་འཐབ་ཕྱོགས་སུ་ཕྱིན་ནས་ཁྲིམས་སྐྱོང་འདུ་ཤེས་ཁྱབ་སྤེལ་བྱེད་མཁན་དང་འགལ་བ་སེལ་མཁན་དུ་གྱུར་ཏེ།  བདེ་འཇགས་རྨ་ལྷོ་འཛུགས་སྐྲུན་བྱེད་པར་རྨང་གཞི་འདིང་བ་དང་ཁྲིམས་སྐྱོང་གི་དགོངས་པ་དེ་གྲོང་གསེབ་དང་སྡེ་ཁུལ་དུ་གཞི་ཚུགས་པར་བྱས་ཡོད།


ཏིང་འཛིན་མཚོ་མོས་བསྒྱུར།


青海黄南:暖心举措撑起妇儿“幸福伞”

3月7日,黄南藏族自治州同仁市民族中学学生仁增卓玛满含感激地说。这是黄南州深耕妇女儿童保障工作的一个缩影。黄南州把提升妇女儿童生活质量、促进其全面发展当作重要使命,自2024年初至2025年3月7日,已为150名困难女学生落实助学资金32万元,落实19万元救助“两癌”患病困难妇女19人。

黄南州积极整合资源,搭建广阔平台。通过实施“乡村振兴巾帼行动”,组织开展线上线下“春风行动”,精准对接企业用工需求与妇女就业意愿,为妇女开辟就业增收新渠道。深化“创业创新巾帼行动”,培育省、州级“巾帼创业创新示范基地”,发挥示范引领作用,激励更多妇女投身创业创新浪潮。此外,黄南州举办各类技能培训,包括妇女厨艺大赛、手工制品制作、江源巧姑堆绣、家政服务等,全面提升妇女职业技能与综合素质,为乡村振兴注入“她力量”。

此外,加强维权服务,全力维护妇女儿童合法权益。在全省率先启动“巾帼普法乡村行”暨“青姐姐·家和美”送法到家庭示范活动,注重发挥乡村“法律明白人”、巾帼法律明白人、青姐姐后援团、农村学法用法示范户、江源爱心妈妈代表等五类志愿服务队作用。截至目前,黄南州已精心培育出293名“巾帼法律明白人”,她们活跃在基层一线,成为法治理念的传播者、矛盾纠纷的化解者,为平安黄南建设筑牢坚实根基,让法治精神在乡村社区落地生根。