རྨ་ལྷོ་ཁུལ་གྱིས་སོན་འདེབས་དུས་ཚིགས་དམ་འཛིན་བྱས་ཏེ་དཔྱིད་འདེབས་ལ་གྲ་སྒྲིག་དང་ཞིང་ཕྱུགས་ལས་རིགས་ཀྱི་མགོ་ལེགས་པོར་འཛུགས་པར་སྐུལ་འདེད་བྱས།
2025.03.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ད་ནི་དཔྱིད་འདེབས་ལ་གྲ་སྒྲིག་བྱེད་པའི་གནད་འགག་གི་དུས་ལ་བབས་ཡོད་པས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ལས་རྒྱུ་ཆ་ལེགས་སྒྲིག་དང་། ཆེ་ཕྱོགས་བརྟན་པར་བྱེད་པ། ཞིང་སའི་དོ་དམ་གསལ་བ་སོགས་ཀྱི་ཐད་ནས་ དཔྱིད་འདེབས་ཐོན་སྐྱེད་ལ་བཀོད་སྒྲིག་ཞིབ་མོ་བྱས་ཏེ། དཔྱིད་དུས་ཀྱི་ཞིང་ཕྱུགས་ཐོན་ལས་ཀྱི་མགོ་ལེགས་པོར་འཛུགས་ཐུབ་པར་ཧུར་ཐག་སྒོས་སྐུལ་འདེད་དང་འཆར་གཞི་བཀོད། ཟླ2པའི་ཚེས18ཉིན་བར།  སྤོས་ལེགས་ས་བོན་སྤྱི་རྒྱ་ཁྲི་45. 58གསོག་འཇོག་བྱས་ཡོད་ལ། ལུད་རྫས་དང་ཞིང་སྨན་ཏུན་5014ལྷག་སྐྱེལ་འདྲེན་བྱས་པ་དང་། ཞིང་འདེབས་འཕྲུལ་ཆས་རིགས་མི་འདྲ་བ5810ལྷག་ལ་ཞིག་གསོ་བྱས།

ཞིང་ལས་ཐོན་སྐྱེད་ཀྱི་སྤུས་ཚད་མཐོར་འདེགས་ཏན་ཏིག་གཏོང་ཆེད།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ལས་ཐོན་སྐྱེད་ལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་བྱས་ཏེ། ཉམས་མྱོང་ལྡན་པའི་ཞིང་ལས་ལག་རྩལ་མི་སྣ་32མངགས་ནས་ཞིང་ཁར་ཟབ་ཞུགས་བྱས་ཏེ་ལག་རྩལ་མཛུབ་སྟོན་བྱས་པ་དང་།   ཞིང་ལས་ཐོན་སྐྱེད་དོ་དམ་ལ་ “བརྟག་དཔྱད་བྱས་ནས་བྱེད་ཐབས་བཏོན། ” ཞིང་ས་དང་མྱུ་གུའི་ཁྱད་ཆོས་དང་བསྟུན་ནས། གྲོ་དང་པད་ཁ། ལུད་ཆུ་སོགས་གྱི་དོ་དམ་གཙོ་གནད་དུ་འཛིན་པ་དང་ཆུ་ཡུར་གཙང་སེལ་བྱས་ཏེ་ཐན་སྐམ་དང་བཙོག་གནོད་ལ་སྔོན་འགོག་བྱེད་དགོས། ཞིང་སའི་སྔོ་ཚལ་དོ་དམ་ལ་ཤུགས་སྣོན་དང་ཞིང་སྨན་བདེ་འཇགས་ངང་བེད་སྤྱོད་བྱེད་པར་མཛུབ་སྟོན་བྱས་ནས།  ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། སྔོ་ཚལ་གྱི་ཐོན་སྐྱེད་དང་མཁོ་སྤྲོད་དོ་མཉམ་བརྟན་པོ་ཡོང་བར་ཁག་ཐག་བྱས།

འདེབས་འཛུགས་ཀྱི་འཆར་འགོད་ཁྲོད།  འབྲུ་སྣུམ་གྱི་ཁྱབ་གདལ་རྒྱ་ཁྱོན་སྤྱི་ཆིང་1. 14དང་སྔོ་ཚོད་ཀྱི་ཁྱབ་གདལ་རྒྱ་ཁྱོན་སྤྱི་ཆིང་667ལ་སླེབས་པའི་དམིགས་འབེན་གསལ་བོར་བསྟན་ཡོད། ཚན་རིག་དང་མཐུན་པའི་འོས་འཚམ་གྱི་ཁྱབ་ཁོངས་བཀོད་སྒྲིག་བྱས་ཏེ།  འབྲུ་སྣུམ་གྱི་ཐོན་ཚད་ཇེ་མཐོར་གཏོང་བ་དང་འབྲུ་རིགས་ཀྱི་བདེ་འཇགས་ཁེག་ཐག་ཐུབ་པ་མ་ཟད།  སྔོ་ཚལ་གྱི་རིགས་སྣ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སྣ་མང་ཅན་གྱི་ཁྲོམ་རའི་དགོས་མཁོ་ཡང་སྐོང་ཐུབ།

གཞན་ཡང་། རྨ་ལྷོ་ཁུལ་གྱིས་ནམ་ཟླའི་འགྱུར་ལྡོག་ལ་ལྟ་ཞིབ་ནན་མོ་དང་།  གནོད་འཚེའི་སྔོན་འགོག་ལམ་སྲོལ་ཤུགས་བསྣན་ཏེ། ཚད་གཞི་མཐོ་བའི་སྒོ་ནས་གནོད་འགོག་གེགས་སེལ་གྱི་བྱ་བ་དག་ལག་བསྟར་བྱས་ནས། ནུས་ཤུགས་ཡོད་རྒུས་དཔྱིད་འགོའི་གྲང་ངར་སོགས་ཀྱི་གནོད་འཚེ་ཡིས་ཞིང་ཕྱུགས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་ཐེབས་པར་སྔོན་འགོག་བྱས། རོང་འབྲོག་མང་ཚོགས་ལ་ཚན་རིག་དང་ལྡན་པའི་སྒོ་ནས་འཁྱགས་འགོག་གྲང་སེལ་གྱི་བྱེད་ཐབས་ཁྲིད་སྟོན་དང་། ལུགས་མཐུན་སྒོས་སྐྱེ་ལྡན་ལུད་རྫས་དང་ལུན་ལུད། ཅཱ་ལུད་སོགས་མང་དུ་བཏང་ནས་ཞིང་ལས་ཐོན་རྫས་ཀྱི་གྲང་འགོག་ནུས་པ་ཆེ་རུ་བཏང་། རྨོ་ཞིང་གི་གསབ་དངུལ་སྒོར་ཁྲི་1760དུས་ཐོག་ཏུ་དོན་འཁྱོལ་བྱས་ནས། ཞིང་བ་རྣམས་ཀྱི་ཞིང་འདེབས་ཀྱི་བརྩོན་སེམས་ལ་སྐུལ་སྤེལ་བྱས་པ་དང་། ལོ་ཧྲིལ་བོའི་ཞིང་ཕྱུགས་ལས་རིགས་ལོ་ལེགས་འབྱུང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།

དངོས་སྦྱོང་སློབ་མ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།