ཞུན་ཧྭ་རྫོང་གིས་ཆུ་ཀུབ་དང་སུར་པན་གྱི་འདེབས་འཛུགས་ལ“གནས་གཅིག་ནས་ཐེངས་གཉིས་བསྡུ་བ”མངོན་འགྱུར་བྱུང་།
2025.03.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་2པའི་ཚེས28ཉིན། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་གནས་པའི་རྨ་ཆུའི་ཚལ་སླེ་མཐོ་སྒང་དེང་རབས་ཞིང་ལས་ཐོན་ལས་གླིང་གི་དྲོད་ཁང་ཆེན་མོའི་ནང་དུ།ཟླུམ་ཞིང་སྒོར་བའི་ཆུ་ཀུབ་ཀྱིས་ཕྲ་བཏབ་པ་དང་འདྲ་ཞིང་།ཕྲེང་ལྟར་བསྒྲིགས་པའི་སུར་པན་གྱི་ལོ་འདབ་རྣམ་པར་རྒྱས་ཡོད་པས།མི་རྣམས་ལ་སྤྲོ་བ་སྦྱིན་ཐུབ།

འདེབས་འཛུགས་མཁན་ཝུའེ་ལི་ཁུའེ་ཡིས་དྲོད་ཁང་ནང་དུ་བྲེལ་འཚུབ་ངང་སོན་འདེབས་ཀྱི་ལས་ལ་བྲེལ་ཞོར་དུ་བཤད་རྒྱུར།“ད་ལོར་ངས་དྲོད་ཁང་བརྒྱད་ལ་འདེབས་འཛུགས་བྱས་པ་ཡིན།དྲོད་ཁང་རེ་རེའི་ཆུ་ཀུབ་ཐོན་ཚད་རྒྱ་མ་400ཡས་མས་དང་ཐོན་ཚད་སྒོར་4000ལྷག་ཡིན།ད་ལྟ་ཆུ་ཀུབ་ཁྲོམ་འགྲེམ་བྱས་ཡོད་པས།དྲོད་ཁང་དུ་ཡོང་ནས་ཆུ་ཀུབ་བཏོག་པའི་ཡུལ་སྐོར་བ་ཡང་མང་པོ་ཡོད།”ཟེར།

ཝེ་ལི་ཁུའེ་ཡིས་གསར་འགོད་པར་བཤད་རྒྱུར།དྲོད་ཁང་གཅིག་གི་ནང་དུ་དུས་སྣོལ་བྱས་ནས་ཆུ་ཀབ་དང་སུར་པན་འདེབས་འཛུགས་བྱེད་པའི་རྣམ་པ་ལས། དྲོད་ཁང་གི་བར་སྟོང་དང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཡོད་པ་མ་ཟད།  ད་དུང་འགྱིག་ཤོག་དང་།  ཆུའི་ཐོན་ཁུངས།  ལུད་རྫས་བཅས་མཉམ་སྤྱོད་ཐུབ་པས།  ས་ཞིང་གི་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཚད་མཐོ་རུ་ཕྱིན་ཡོད།སུར་པན་འདེབས་འཛུགས་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག།དྲོད་ཁང་རེ་རེའི་ཡོང་འབབ་སྒོར༤༠༠༠ལྷག་ཙམ་འཕར་ཐུབ་ལ།དེ་སྔའི་གཅིག་རྐྱང་འདེབས་འཛུགས་དང་བསྡུར་ན་རིན་ཐང་ཇེ་ཆེར་སོང་ཡོད་ཟེར།

ཞུན་ཧྭ་རྫོང་རྨ་ཆུ་ཚལ་སླེའུ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་པ་མཱ་ཞའོ་ཅུན་གྱིས་བཤད་རྒྱུར། ཞུན་ཧྭ་རྫོང་གིས་ཆུ་ཀུབ་ཀྱི་ཞིང་ས་རུ་སུར་པན་དང་ཀྲོ་མ་ཀྲུ་སོགས་འདེབས་འཛུགས་བྱེད་པའི་རྣམ་པ་གསར་བ་ཁྱབ་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་ནས།སྲོལ་རྒྱུན་གྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་རིག་ལམ་གསར་གཏོད་བྱས་ཡོད་ལ།རྨ་ཆུའི་ཚལ་སླེའུ་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་ཟིས་འདེབས་འཛུགས་བྱེད་པའི་ཁྱིམ་ཚང་ལ་དྲོད་ཁང་ནང་མཉམ་འདྲེས་འདེབས་འཛུགས་བྱེད་པར་ཧུར་ཐག་གིས་ཁྲིད་སྟོན་བྱས་ཏེ།  རྒྱ་ཁྱོན་ལ་མུའུ་20ཡོད་པ་དང་།འདེབས་འཛུགས་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་8ཙམ་གྱིས་ཇེ་མང་དུ་གཏོང་ཐུབ། ད་ལྟ་་འདེབས་འཛུགས་བྱས་པའི་ཅིན་ཤིན་ཆུ་ཀུབ་དང་།ལུའོ་ལན་ཀྲོ་མ་ཀྲུ།སྲན་ལེབ་ལ་སོགས་པའི་ཤིང་ཏོག་དང་སྔོ་ཚལ་ཁྲོམ་འགྲེམ་བྱས་ཡོད།


དངོས་སྦྱོང་སློབ་མ་ཉི་འབུམ་གྱིས་བསྒྱུར།