རྩྭ་ཐང་ཕྱུགས་འགོག་དང་རྩ་ཕྱུགས་དོ་མཉམ་ཡོང་བའི་གྲུབ་འབྲས་ལ་འགན་སྲུང་བྱ་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་རེས་སྐོར་གསུམ་པའི་ཁ་གསབ་བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ལ། ད་ལྟའི་བར་དུ་ཁུལ་ཡོངས་སུ2025ལོའི་ཀྲུང་དབྱང་གི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་བྱིན་ཡོད་ལ། མུ་མཐུད་དུ་མ་དངུལ་དོ་དམ་བྱེད་པ་ཇེ་དྲག་ཏུ་གཏོང་བ་དང་། སྔོན་རྩིས་ལག་བསྟར་ཇེ་ལེགས་སུ་གཏོང་བ་དང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་གཅིག་གྱུར་སྐུལ་འདེད་བཏང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱས་པ་དང་། རྩྭ་ཐང་གི་ཕྱུགས་ལས་ཐོན་སྐྱེད་ཀྱི་རྣམ་པ་བསྒྱུར་བ་དང་རྒྱུན་མཐུད་འཕེལ་རྒྱས་བཏང་ཡོད། ཁ་གསབ་མ་དངུལ་དུས་ལྟར་དུ་གྲོང་ཁྱེར་དང་རྫོང་ཁག་ལ་བགོ་བཤའ་རྒྱག་ཆེད། མཚོ་ནུབ་ཁུལ་གྱི་ནོར་སྲིད་དང་ཞིང་ཕྱུགས་ནགས་ལས་སོགས་སྡེ་ཁག་མཉམ་འབྲེལ་སྒོས་ས་ཁུལ་ཁག་གི་སྲིད་ཇུས་དོན་འཁྱོལ་དང་དེ་བཞིན་ཞིང་ཕྱུགས་ལས་ཀྱི་ཡོང་འབབ་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ལ། གྲོང་ཁྱེར་དང་རྫོང་ཁག་གིས་གཏན་འབེབས་བྱས་པའི་ཕྱུགས་རིགས་བཀག་འགོག་དང་རྩྭ་ཕྱུགས་དོ་མཉམ་གྱི་རྒྱ་ཁྱོན་དང་ཟུང་འབྲེལ་བྱས་ཏེ། ཁ་གསབ་མ་དངུལ་བགོ་བཤའི་བསྡུར་ཚད་གཏན་འཁེལ་བྱས་པ་དང་། མ་དངུལ་འོག་རིམ་དུ་སྟེར་བའི་བྱ་བ་དུས་ཐོག་ཏུ་ལེགས་གྲུབ་བྱས་ཏེ་རྩྭ་ཐང་དུ་ཕྱུགས་རིགས་བཀག་འགོག་དང་རྩྭ་ཕྱུགས་དོ་མཉམ་གྱི་ལས་འགན་དོན་འཁྱོལ་ནུས་ལྡན་བྱས་ཏེ་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྔར་བས་ཇེ་ལེགས་སུ་གཏོང་བ་དང་རང་བྱུང་རྩྭ་ཐང་གི་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་། རིག་ནུས་ལྟ་རྟོག་དོ་དམ་དང་མང་ཚོགས་ལྟ་སྐུལ་གྱི་ལངས་གཟུགས་འགོག་ ཐིག་ཧུར་ཐག་གིས་ཆགས་པར་བྱེད་པ་དང་། དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་ཀྱི་བྱང་བུ་གཅིག་སྒྲིལ་མ་ལག་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ། མ་དངུལ་སྟེར་སྐབས་མྱུར་མོར་འབྱོར་བ་དང་རྩད་གཅོད་བྱེད་ས་ཡོད་པ་མངོན་འགྱུར་བྱས་ཤིང་། ཆེད་དོན་བཅོས་སྐྱོང་བསྟུད་མར་སྤེལ་ནས། ནོར་སྲིད་དང་། ཞིང་ཕྱུགས། ནགས་རྩྭ་སོགས་གཙོ་གཉེར་སྡེ་ཁག་གི་མཉམ་འགུལ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གཏོང་སྤྲོད་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པ་དང་། རོང་འབྲོག་པའི་དོ་དམ་དང་ལྟ་སྐུལ་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་དང་འདོན་སྤེལ་བྱས་ཡོད་ལ། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཕན་ཚུན་སྐུལ་འདེད་ངང་གཉིས་ཕན་མངོན་འགྱུར་བྱས་ཡོད།
མཚོ་ནུབ་ཁུལ་གྱིས་ད་དུང་རེས་སྐོར་གསུམ་པའི2021ལོ་ནས2025ལོའི་བར་གྱི་རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་མ་དངུལ་གྱི་ཕན་འབྲས་གདེང་འཇོག་བྱེད་པའི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་བ་དང་། རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་མ་དངུལ་གྱི་ཕན་འབྲས་དམིགས་ཚད་ཀྱི་རེ་ཞུ་དང་ལྟ་སྐུལ་ཚོད་འཛིན། རང་ཉིད་དཔྱད་འཇོག་བཅས་ཀྱི་བྱ་བ་ཚད་ལྡན་དུ་བཏང་སྟེ། རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་མ་དངུལ་དེ་བདེ་འཇགས་དང་ནུས་མཐོའི་ངང་བེད་སྤྱོད་བྱེད་པ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་འགན་ལེན་བྱས་ཏེ་རྩྭ་ཐང་གི་ཕྱུགས་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་བསྒྱུར་བར་སྐུལ་འདེད་བཏང་ནས་ཞིང་ཕྱུགས་ལས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།
ཏིང་འཛིན་མཚོ་མོས་བསྒྱུར།