ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གཞིགས་ནས་ལས་བྱེད་པའི་མི་དོན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་བྱེད་པར་བཀོད་སྒྲིག་གལ་ཆེན་བྱས། སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་དང་། ཞིབ་འཇུག་དང་དབྱེ་ཞིབ། བརྡར་གཅོད་ལ་ཤུགས་བསྣན་ནས། དེང་རབས་ཅན་གྱི་འཛུགས་སྐྲུན་ནུས་པ་ཡོད་པའི་མགོ་ཁྲིད་ཚན་ཁག་འདེམས་སྒྲིག་ཚགས་དམ་པོ་བྱས།
བསམ་བློའི་སྣེ་ཁྲིད་ལ་གཞིགས་ནས། འགོག་སྲུང་སྲ་བརྟན་དང་། མི་སྣའི་དོ་དམ་ཏན་ཏིག་བྱས་ཡོད། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ཀྱི་མངོན་ཚུལ་གཞིར་བཟུང་ནས། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ཀྱི་ཡིག་ཚགས་བཟོ་བ་དང་འཐུས་ཚང་དུ་གཏོང་བ། ལས་བྱེད་པའི་ཆབ་སྲིད་བསམ་བློའི་ཚད་ལེན་ཤུགས་ཆེར་བཏང་ནས། ལས་ཡུལ་དང་པོའི་འཐབ་རྩོད་ལ་ཆབ་སྲིད་ཀྱི་ཡིད་རྟོན་ཡོད་པ་དང་། གྲུབ་འབྲས་མངོན་གསལ་ཡོད་པ། མང་ཚོགས་ཀྱི་ཁས་ལེན་ཡོད་པའི་ཕུལ་བྱུང་ལས་བྱེད་པ་སྐོར་ཞིག་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་བྱས།
རྨང་གཞིའི་སྒྲིག་ཆས་ལ་གཞིགས་ཤིང་། མཛུབ་སྟོན་ཡང་དག་ལ་བརྟེན་ནས། ལམ་ལུགས་དང་རྐྱེན་སྲོལ་གྱི་འཛུགས་སྐྲུན་ལེགས་བསྒྱུར་དང་སྲ་བརྟན་བྱས། སྔར་ལས་ལྷག་པའི་སྒོ་ནས་ལས་བྱེད་པའི་བསྐོ་འཐེན་གྱི་ལམ་ལུགས་དང་རྐྱེན་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས། འདེམ་བསྐོ་བྱ་བའི་ཆེད་ལས་རང་བཞིན་དང་ལས་ཆོད་ཆེ་རུ་བཏང་ཡོད་ལ། ལས་བྱེད་པ་ལས་ཞུགས་སྔོན་གྱི་གླེང་མོལ་སོགས་འབྲེལ་ཡོད་ལས་རིམ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་བྱེད་པར་ནན་མོ་བྱེད་དགོས་ལ། ཧུར་ཐག་སྒོས་ལས་བྱེད་པར་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ། དཔྱད་ཞིབ་སྐུལ་སློང་སོགས་འབྲེལ་ཡོད་ལམ་ལུགས་དང་རྐྱེན་སྲོལ་བཀོལ་སྤྱོད་གང་ལེགས་བྱས་ནས། ཕྱོགས་ཡོངས་དང་མཐོང་སྣེ་མི་འདྲ་བ་ནས་ལས་བྱེད་པར་རྒྱུས་ལོན་བྱེད་དགོས།
མགོ་ཁྲིད་ཚོགས་པའི་ངེས་གནས་ལ་གཞིགས་ནས། ཏང་ཀྲུང་དབྱང་དཀྱིལ་སྙིང་དུ་འཛིན་པའི་མགོ་ཁྲིད་ཚོགས་པ་ལེགས་སྒྲིག་བྱེད་དགོས་ལ། ཉིན་རྒྱུན་བྱ་བའི་ཞིབ་འཇུག་དང་བརྟག་དཔྱད་བྱེད་ཤུགས་ཆེ་རུ་བཏང་སྟེ། མགོ་ཁྲིད་ཚོགས་པའི་འཁོར་སྐྱོད་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ནས། མགོ་ཁྲིད་ཚན་པའི་འཁོར་སྐྱོད་ཕྱོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱས་པར་མ་ཟད། ལས་བྱེད་པའི་འགན་གཉེར་དང་། ལས་འགན་སྙོམས་སྒྲིག་གང་ལེགས་བྱས། ལས་གནས་ལ་གཞིགས་ནས་མི་གཏན་ཁེལ་བྱེད་པ་དང་མི་ལ་གཞིགས་ནས་འགན་ཁུར་གཏན་ཁེལ་བྱས་ཏེ། ལས་མི་དང་ལས་གནས་འོས་འཚམ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་དང་། ལོ་ནའི་གྲུབ་ཚུལ་དང་ཆེད་ལས་ཀྱི་ངོ་བོ། ནུས་པའི་གྲུབ་འབྲས་སོགས་ཀྱི་ཆ་འཕྲིན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཐོག མགོ་ཁྲིད་ཚན་ཁག་གི་གྲུབ་ཚུལ་ལ་ལུགས་མཐུན་གྱིས་སྡེབ་སྒྲིག་བྱས་ཡོད།
མི་སྣའི་གྲུབ་ཚུལ་ལ་གཞིགས་ནས། མཐུན་སྒྲིལ་དམ་ཟབ་སྒོས་ཆེད་ལས་མི་འདྲ་བའི་འཇོན་མི་བཀོལ་སྤྱོད་བྱེད་པ་དང་། བསྐོ་བཞག་བྱས་མེད་པའི་ལས་བྱེད་པའི་རྟོག་ཞིབ་དང་མགོ་ཁྲིད་ཚན་ཁག་གི་འཁོར་སྐྱོད་གནས་ཚུལ་གྱི་བརྟག་ཞིབ་བྱ་བ་རྒྱུན་རྣམ་ཅན་གྱིས་སྤེལ་བ་དང་། ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་བསྐོ་འཐེན་གྱི་རྒྱུན་རྣམ་ཅན་གྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བུད་མེད་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་འོས་འཚམ་གྱིས་བསྐོ་བཞག་བྱས་ཏེ། ལས་བྱེད་པའི་གྲུབ་ཚུལ་ལུགས་མཐུན་དུ་འགྱུར་བར་བྱས་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།