ཟླ3པ་ནས་བཟུང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྟག་རོང་དོ་དམ་སྲུང་སྐྱོང་ས་ཚིགས་གི་བདག་སྲུང་པ་རྣམས་ཁ་བའི་ནང་དུ་མདུན་སྐྱོད་བྱས་པ་དང་། མཐོ་སྒང་གི་གྲོག་རོང་གསེབ་ཏུ་བསྐྱོད་ལ། གོམ་པས་སྐྱེ་ཁམས་ཀྱི་འགོག་ར་འཇལ་བཞིན་ཡོད།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་ཁུལ་ནི་རང་རྒྱལ་གྱི་ནུབ་བྱང་སྐྱེ་ཁམས་བདེ་འཇགས་གནས་བབས་ཀྱི་འཐབ་ཇུས་རྟེན་གཞི་ཡིན་པ་དང་། དེའི་ཁྱད་དུ་འཕགས་པའི་ས་ཁམས་གནས་བབ་ཀྱིས་རིམ་པ་གསལ་བོའི་དྲང་ཐད་ཀྱི་སྐྱེ་ཁམས་མ་ལག་གསོ་སྐྱོང་བྱས་ཡོད།
ཁོད་ཡངས་པའི་མཐོ་སྒང་གི་གསང་བའི་ཁོར་ཡུག་འདི་སྐྱེ་ཁམས་མ་ལག་ཆ་ཚང་ཞིག་ཡོད་པའི་དབང་གིས་སྐད་གྲགས་ཆེན་པོ་བྱུང་ཡོད་ལ། ས་བབ་དམའ་བའི་རྩི་ཤིང་ཕྲ་མོ་ནས་རི་མཐོ་གངས་འཁྱགས་ཁུལ་བར། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པའི་མཉམ་འདུས་རྣམ་པའི་སྐྱེ་ཁམས་རྣམ་པ་ཆགས་ཡོད། རྒྱལ་ཁབ་སྤྱི་གླིང་གི་འཛུགས་བསྐྲུན་ལ་སྐུལ་འདེད་བྱེད་པའི་ཁྲོད། མིན་ཡོན་རྫོང་གི་བདག་སྲུང་པ1800ལྷག་གིས་ཐོག་མཐའ་བར་གསུམ་དུ་ཆེས་གཟབ་ནན་གྱི་སྲུང་སྐྱོབ་བྱེད་ཐབས་སྤྱད་དེ། མཐོ་སྒང་གི་སྲོག་ཆགས་རིགས་ཀྱི་འཚོ་གནས་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་།སྐྱེ་ཁམས་འགོག་ཐིག་སྲ་བརྟན་བསྐྲུན་ནས་གདོད་མའི་མཛེས་སྡུག་ལྡན་པའི་མཐོ་སྒང་གི་སྐྱེ་ཁམས་མ་ལག་དེར་སྲུང་སྐྱོབ་བྱས་ཡོད།
ཏིང་འཛིན་མཚོ་མོས་བསྒྱུར།