གཅིག་སྒྲིལ་རྫོང་གིས་བྱེད་ཐབས་མང་པོ་སྤྱད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས།
2025.03.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་གཏིང་ཟབ་སྒོས་ཞིང་ཆེན་གྱི་ཆེས་ཆེ་བ་གསུམ་གྱི་ཇུས་ཆེན་ཁ་ཕྱོགས་ལྟར། དོན་དངོས་ལ་རྐང་བཙུགས་ཏེ་བྱེད་ཐབས་མང་པོ་སྤྱད་ནས་ངེས་པ་དོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྐུལ་སྤེལ་བྱས། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཚད་གཞི་མཐོ་བའི་འཕེལ་རྒྱས་སུ་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏང་།

རྩྭ་འདེབས་སྐྱེ་ཁམས་སྲུང་སྐྱོབ་ཐད་འཆར་འགོད་དང་བཀོད་སྒྲིག་ལེགས་པོ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འོས་འགན་གྱི་མགོ་ཁྲིད་མ་ལག་བཙུགས་ཏེ། ཁྱོན་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འོས་འགན་དོན་འཁྱོལ་བྱས། རྒྱུན་མཐུད་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བ་རྫོང་ཡོངས་ཀྱི་དམིག་འབེན་དཔྱད་ཞིབ་ཁྲོད་བཞག་སྟེ་གཅིག་སྒྲིལ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ཁོར་ཡུག་རྒྱུ་སྤུས། ཐོན་ཁུངས་བེད་སྤྱོད་སོགས་ཚད་གཞི་བརྟན་སྲུང་བྱེད་པ་དང་། ཧུར་ཐག་སྒོས་ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་འཁུར་བ། འགན་འཛོལ་འགན་འདེད”བཅས་ཀྱི་བཀག་སྡོམ་འགན་འཁྲིའི་བྱེད་ཐབས་ལག་བསྟར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་སྲིད་ཇུས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད།

གསར་གཏོད་དང་སྤུས་ཚད་ཇེ་མཐོར་གཏོང་བ་ཕན་འབྲས་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་སླར་གསོའི“སྲོག་རྩ”བརྟན་པོར་བསྲུངས་དགོས། རི་ཆུ་ནགས་ཞིང་སོགས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་དམ་པོར་དམིགས་པ་དང་། རྩྭ་འདེབས་ཁྱབ་ཁོངས་ཀྱི་ལག་རྩལ་ཆེད་མཁས་གདན་དྲངས་ནས་འབྲོག་པ་ཚོར་མིའི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་རྩལ་ནུས་གསོ་སྦྱོང་བྱས་ཏེ་མང་ཚོགས་བཅོས་སྐྱོང་ནང་ཞུགས་པའི་བརྩོན་སེམས་ཆེ་རུ་བཏང་ཡོད།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ནང་ཁྱོན་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་ནས་རྩྭ་ཐང་གི་སྣོད་བཅུད་སླར་གསོ་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་སྔ་རྗེས་སུ་ལེགས་འགྲུབ་བྱས་ཏེ་རྫོང་ཡོངས་ཀྱི་རྩྭ་ཐང་སྣོད་བཅུད་ཁོར་ཡུག་འཁོར་རྒྱུག་ཡག་པོ་བྱུང་ནས་སྣོད་བཅུད་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་རིམ་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།

ལྟ་སྐུལ་དོ་དམ་བྱེད་ཐབས་ཇེ་དྲག་དུ་གཏོང་བ་དང་། ཁྲིམ་ལྟར་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་བ་དང་རྩད་ཞིབ་ཐག་གཅོད་བྱ་དགོས། རྫོང་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་འགྱེད་འཕྲོའི་འབྱུང་ཁུངས་ཀྱི་སྒྲིག་ཆས་དང་སྨན་རྫས་བེད་སྤྱོད་ལས་ཁུངས་ཀྱི་སྨན་བཅོས་སྙིགས་རོ་བརྒྱུད་འདྲེན་དང་། སྨན་བཅོས་བེད་མེད་སྙིགས་ཆུ་གཙང་སེལ་མ་ལག་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་དུས་བཀག་ལྟར་དཔྱད་བཤེར་ཞིབ་ཕྲ་བྱས་ཏེ། འགྱེད་འཕྲོའི་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཉེར་གཉིས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམངས་ཁྲོད་ལྟ་སྐུལ་པ་ཉེར་གཉིས་བདམས་ནས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་བྱས།

དག་ཐེར་ཡོ་བསྲང་དོན་འཁྱོལ་གཏིང་ཟབ་ཏུ་སྤེལ་བ་དང་། ལྟ་ཞིབ་དག་ཐེར་ལེགས་པོ་བྱེད་དགོས། བསམ་བློ་གཅིག་གྱུར་དང་དག་ཐེར་ཡོ་བསྲང་བྱེད་པའི་རྣམ་པ་བརྟན་པོར་འཛུགས་པ་དང་། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དག་ཐེར་ཡོ་བསྲང་ལས་ཀའི་འགོ་ཁྲིད་ཚན་ཆུང་འཛུགས་པ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་པ་གཙོ་བོས་ཚོ་ཆུང་གི་ཚན་གཙོའི་འགན་འཁུར་བ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་དང་བསྡུར་ནས་གནད་དོན་མངོན་གསལ་ཅན་བརྡ་ཁྱབ་བཏང་སྟེ། གཅིག་ཤེས་ཀུན་གྲོལ་དང་། དག་ཐེར་ཡོ་བསྲང་བྱེད་ཐབས་ཁྱོན་ཡོངས་ནས་གཏན་འབེབས་བྱེད་པ། འགན་འཁྲིའི་ཞིབ་ཐོ་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ་རང་བཤེར་རང་བཅོས་ཏན་ཏིག་བྱ་དགོས། དག་ཐེར་ཡོ་བསྲང་གི་ལས་ཀར་སྐུལ་སྤེལ་གཏོང་བ་དང་དུས་མཚུངས་སུ། ནགས་ཚལ་དང་རྩྭ་ཐང་ཉམས་གསོའི་རྣམ་གྲངས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་ལས་རིགས་ཐད་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས་ཆེད་དོན་གསོ་སྦྱོང་སྤེལ་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་གཏོང་དགོས།

ཚེ་མགོན་རྒྱལ་གྱིས་བསྒྱུར།