ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། མ་དངུལ་གཏོང་ཚད་མང་དུ་བཏང་བ་དང། ས་གནས་དེའི་སྲུང་སྐྱོང་དང་གནས་སྤོར་སྲུང་སྐྱོང་གཅིག་གྱུར་གྱིས་སྐུལ་འདེད་བཏང་པས། སྣེ་འདྲེན་གྱི་སྐྱེ་དངོས་རིགས་འཚོ་སྡོད་དང་སྐྱེ་འཕེལ་གྱི་ཁོར་ཡུག་བརྟན་པོའི་ངང་ཇེ་ལེགས་སུ་སོང་བ་དང་ཕྱི་རོལ་ཁྱུ་ཚོགས་ཀྱི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཡིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་སྣེ་ཁྲིད་དུ་བཟུང་སྟེ། གཅིག་གྱུར་གྱིས་མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བྱེད་རྒྱུར་སྐུལ་འདེད་བཏང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་དང་ས་ནག་གྲམ་ཐང་བཅོས་སྐྱོང་ཀྱི་ལས་གཞི་སྲུང་སྐྱོབ་དང། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་མུ་མཐུད་དུ་ལེགས་སུ་ཕྱིན་པ་དང་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་རིམ་བཞིན་སླར་གསོ་ཅན་གྱི་རྣམ་པ་མངོན་ཡོད། དགོ་དམར3400ལྷག་དང་།གསའ1200ཡས་མས། ཁྲུང་ཁྲུང་སྐེ་ནག2600 མགྲིན་སེར་སྲེག་པ1500ལྷག།ངང་དཀར1400ལྷག་བཅས་ཟིན་ཏེ་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད།
རི་སྐྱེས་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་གི་སྲུང་སྐྱོབ་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག་བཟོ་བ།རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་དང་། རི་སྐྱེས་རྩི་ཤིང་། གསུམ་ལྡན་”སྲོག་ཆགས་ཀྱི་མིང་ཐོ་ལེགས་སྒྲིག་དང་ཁྱབ་བསྒྲགས་བྱེད་པ། སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་གལ་ཆེའི་མིང་ཐོ་ཁྱབ་བསྒྲགས་བྱེད་པ། གཏིང་ཟབ་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་གནད་ཡིན་པའི་རང་བྱུང་སྲུང་སྐྱོབས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང།
མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་རི་སྐྱེས་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་ཁུལ་གྱི་ཁྲུའུ་ཀྲང་ཀྲང་ཡུས་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུའུ་ཡིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”འཆར་འགོད་ཟུང་འབྲེལ་བྱས་་ཏེ།
རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པའི་ཆེད་དོན་ཇུས་འགོད་ལ་ཞིབ་འཇུག་བྱེད་པ། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ཀྱི་བསྟི་གནས། འདབ་ཆགས་གནས་སྤོ་བརྒྱུད་ལམ་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་མ་ལག་སོགས་འཐུས་ཚང་དུ་གཏོང་བ་། རི་སྐྱེས་སྲོག་ཆགས་བསྡུ་ཉར་བཅོས་སྐྱོབ་ཀྱི་དྲ་རྒྱ་དང་སྐམ་སའི་རི་སྐྱེས་སྲོག་ཆགས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱའི་འཛུགས་སྐྲུན་རྒྱ་ཆེ་རུ་གཏོང་བ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྲུང་སྐྱོབ་ནུས་བ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་དགོས་ཟེར།
དངོས་སྦྱོང་སློབ་མ་ཁྲོ་ལྷས་བསྒྱུར།