ཟི་ལིང་ནས་རྟ་ཐང་བར་གྱི་སྤྱི་སྤྱོད་རླངས་འཁོར་འགྲོ་བའི་ལམ་ཐིག་ལ་འགྱུར་ལྡོག་བཏང་།
2025.03.13 ཁུངས། ཀློག་གྲངས། 0

ཟླ3པའི་ཚེས11ཉིན།གསར་འགོད་པས་ཟི་ལིང་རླངས་འཁོར་ས་ཚིགས་ཚད་ཡོད་འགན་ལེན་ཀུང་སི་ནས་ཤེས་གསལ་ལྟར་ན། ཆི་ལེན་ལམ(ཟི་ལིང་ལྕགས་ལམ་སྤྱི་ཁང་ནས་ལྔ་གཅིག་ལམ་བར)བྱང་ཕྱེད་ལམ་དུམ་བཀག་ནས་ཨར་ལས་བྱེད་པའི་ཤུགས་རྐྱེན་ཐེབས་པས་ཟི་ལིང་ནས་རྟ་ཐང་ལ་འགྲོ་བའི་སྤྱི་སྤྱོད་ཆེད་ལམ་ལ་གནས་སྐབས་སུ་འགྱུར་ལྡོག་བཏང་།

ཤེས་གསལ་ལྟར་ན།ཆི་ལེན་ལམ(ཟི་ལིང་ལྕགས་ལམ་སྤྱི་ཁང་ནས་ལྔ་གཅིག་ལམ་བར)བྱང་ཕྱེད་ལམ་དུམ་ཟླ3པའི་ཚེས11ཉིན་ནས་བཟུང་བཀག་ནས་ཨར་ལས་བྱེད་རྒྱུ་ཡིན་པས། ཟི་ལིང་ནས་རྟ་ཐང་ལ་འགྲོ་བའི་སྤྱི་སྤྱོད་ཆེད་ལམ་གྱི་རླངས་འཁོར་བདེ་འཇགས་ངང་འཁོར་གཉེར་དང་། འགྲུལ་པ་བདེ་འཇགས་དང་སྟབས་བདེའི་ངང་ཕྱི་སྐྱོད་བྱེད་ཆེད།   རྟ་ཐང་རྫོང་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་འགན་ལེན་ཀུང་སི་དང་ཟི་ལིང་ཏ་མའེ་སྤྱི་སྤྱོད་ཡུལ་སྐོར་ཀུང་སི་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད།ཟླ3པའི་ཚེས11ནས་ཟླ4བའི་ཚེས15བར(དངོས་གཏན་གྱི་སླར་གསོའི་དུས་ཚོད་ཨར་ལས་བྱེད་པའི་མྱུར་ཚད་ལྟར་འགྱུར་བ་གཏོང་རྒྱུ་ཡིན།ཨར་ལས་བྱས་ཚར་རྗེས་སྔར་གྱི་ལམ་ཐིག་སླར་གསོ་བྱ་རྒྱུ་རེད།)ལམ་དུམ་འདིར་རྒྱུ་བའི་ཟི་ལིང་ནས་རྟ་ཐང་ལ་འགྲོ་བའི་སྤྱི་སྤྱོད་ཆེད་ལམ་ལམ་ཐིག་ལ་འགྱུར་བ་གཏོང་རྒྱུ་ཡིན། འགྱུར་བ་བཏང་རྗེས།རྟ་ཐང་ནས་ཟི་ལིང་ལ་སྐྱེལ་འདྲེན་བྱེད་པའི་ལམ་ཐིག་མི་འགྱུར་བ་དང་ཟི་ལིང་ལ་འབྱོར་རྗེས་ཆི་ལེན་ལམ་བརྒྱུད་ནས་ལྔ་གཅིག་ཟམ་པ་དང་པིན་ཧོ་ཆུ་བོའི་ལྷོ་ལམ།མེ་འཁོར་ས་ཚིགས་སྤྱི་གླིང་གི་ནུབ་ངོས།མེ་འཁོར་ས་ཚིགས་སྤྱི་གླིང་གི་ཤར་ངོས་བཅས་བརྒྱུད་ནས་ཟི་ལིང་མེ་འཁོར་ས་ཚིགས་ལ་འགྲོ་བ་དང་།ཟི་ལིང་ནས་རྟ་ཐང་ལ་སྐྱེལ་འདྲེན་བྱེད་སྐབས་ཟི་ལིང་མེ་འཁོར་ས་ཚིགས་ནས་ལམ་ལ་ཆས་ཏེ་མེ་འཁོར་ས་ཚིགས་སྤྱི་གླིང་གི་ཤར་ངོས་བརྒྱུད་ནས།མེ་འཁོར་ས་ཚིགས་སྤྱི་གླིང་གི་ནུབ་ངོས་དང་པིན་ཧོ་ཆུ་བོའི་ལྷོ་ལམ།ལྔ་གཅིག་ཟམ་པ་བཅས་བརྒྱུད་རྗེས། སྔོན་གྱི་ལམ་ཐིག་ལྟར་འགྲོ་བ་དང་ལམ་དུམ་གྱི་ས་ཚིགས་དག་གནས་སྐབས་སུ་མེད་པར་བཟོས། 

དངོས་སྦྱོང་སློབ་མ་རྡོ་རྗེ་རིན་ཆེན་གྱིས་བསྒྱུར།