རྟ་ཐང་རྫོང་སྤྱི་བདེ་ཅུའུ་ཡིས་མཐུན་སྦྱོར་ནུས་མཐོའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་བཅོས་སྐྱོང་མ་ལག་བསྐྲུན།
2025.03.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའུ་ཡིས་རྡུང་རྡེག་བཅོས་སྐྱོང་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱས་ནས། ཉེན་བརྡ་གཏོང་བ་འགོག་པའི་ནུས་པ་མངོན་གསལ་དོད་པ་དང་། མགོ་སྐོར་གཡོ་ལེན་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་གནད་ཁེལ་ནུས་ལྡན་བྱུང་། མཐུན་སྦྱོར་ནུས་མཐོའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་བཅོས་སྐྱོང་མ་ལག་བསྐྲུན་ནས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱོད་དོན་འབྱུང་ཚད་མཐོ་བའི་གནས་ཚུལ་བཀག་འགོག་བྱས་ཏེ། གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱོད་དོན་ཐོ་འགོད་གྲངས་འབོར་དང་གྱོད་འབྲེལ་གྱོང་ཤོར་གྲངས་འབོར་བསྟུད་མར་ལོ་གསུམ་རིང་མར་བབས་པ་དང་། གཉིས་འཕར་གཉིས་ཆག་གི་བྱ་བའི་དམིགས་འབེན་ལེགས་འགྲུབ་བྱུང་།

རྟ་ཐང་རྫོང་སྤྱི་བདེ་ཅུའུ་ཡིས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་དང་། མཉམ་འབྲེལ་གྲོས་ཚོགས་ཀྱིས་གཅིག་གྱུར་འཆར་འགོད། ལས་རིགས་སྡེ་ཁག་གི་ལྟ་སྐུལ་དོ་དམ། སྤྱི་བདེ་ལས་ཁུངས་ཀྱི་ཕྱོགས་བཞིའི་འགན་འཁྲི་གསལ་བར་བྱས་ནས། དུས་བཅད་ལྟར་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། ཁོངས་མིའི་ལས་ཁུངས་ཁག་ལ་གཅིག་གྱུར་འཆར་འགོད་དང་བྱ་བའི་མཉམ་ཤུགས་མཐུན་སྦྱོར་ཡོང་བར་བྱས་ནས་ལས་རིམ་ཡོད་ཚད་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་མཉམ་འབྲེལ་བྱུང་། མཉམ་འབྲེལ་ཁོངས་མིའི་ལས་ཁུངས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བྱས་ནས། བྱང་བུ་གཉིས་ཀྱི་ལས་སྒོ་བདག་གཉེར་བ་དྲ་རྒྱའི་མགོ་སྐོར་གཡོ་ལེན་ངོ་རྒོལ་ལྟེ་གནས་ལ་ཞུགས་པར་སྐུལ་འདེད་བྱས་ནས་གཞུང་སྒྲུབ་ལས་གནས་འཛུགས་པ། ཞིབ་བཤེར་གོ་རིམ་ལེགས་པར་གཏོང་བ། ཉེན་རྟོག་དང་ཁེ་ལས་ཞབས་ཞུའི་ས་ཚིགས་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། འབྱུང་རྩ་ནས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ནག་ཉེས་སློང་བ་དང་ཁྱབ་གདལ་དུ་འགྲོ་བར་བཀག་འགོག་བྱས།

ནག་ཉེས་བཟོ་བར་རྡུང་རྡེག་བྱེད་པའི་ཕྱོགས་ནས། རྟ་ཐང་རྫོང་སྤྱི་བདེ་ཅུའུ་ཡིས་རྣམ་པ་གསར་བའི་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་ཡུལ་དངོས་རྩད་ཞིབ་བྱེད་པར་ཤུགས་སྣོན་དང་། བརྙན་ལམ་མྱུལ་ཞིབ་སྟོབས་ཤུགས་ལ་ཤུགས་སྣོན་བྱེད་པར་བརྟེན་ནས་དྲ་རྒྱའི་དམག་འཐབ་རྟེན་གཞི་འཛུགས་པ་སོགས་ཀྱི་བྱེད་ཐབས་དང་། དབྱེ་ཞིབ་ཞིབ་འཇུག་བརྡར་གཅོད་ཕན་འབྲས་མཐོ་རུ་གཏོང་བ། ཞིབ་བཤེར་དང་རྡུང་རྡེག་ཇེ་མགྱོགས་སུ་གཏོང་བ། གཞི་གྲངས་དམག་འཐབ། སྤུས་ཚད་དང་ཕན་འབྲས་འབུར་དུ་ཐོན་པའི་དམག་འཐབ་བཅས་ལས་གྱོད་གཞི་མྱུར་མོར་རྩད་ཆོད་པའི་ལས་ཆོད་དང་ཉེས་ཅན་འཛིན་བཟུང་བྱེད་ཚད་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་དྲིལ་བསྒྲགས་བྱེད་སྟངས་བརྒྱུད་ནས་མང་ཚོགས་ཀྱི་མགོ་སྐོར་དོགས་ཟོན་གྱི་འདུ་ཤེས་དང་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་ནུས་པ་ཆེ་རུ་ཕྱིན་ནས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱོད་དོན་བྱུང་ཚད་ཇེ་ཉུང་དུ་ཕྱིན་ཡོད།

དངོས་སྦྱོང་སློབ་མ་ལྷ་མོ་སྒྲོལ་མས་བསྒྱུར།