མཚོ་སྔོན་གྱི་ཞིང་ལས་སྲིད་ཇུས་རང་བཞིན་གྱི་དངུལ་རྩས་སྲོལ་རྒྱུན་གྲོང་སྡེའི་སྲུང་སྐྱོབ་བེད་སྤྱོད་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་རྒྱབ་སྐྱོར་བྱས།
2025.03.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གཉིས་ཀྱིས་ཞིང་ལས་སྲིད་ཇུས་རང་བཞིན་གྱི་དངུལ་རྩས་སྲོལ་རྒྱུན་གྲོང་སྡེའི་སྲུང་སྐྱོབ་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་སོགས་ཕྱོགས་ཀྱི་བྱ་བའི་ཐད་ནས་མཉམ་ལས་ཀྱི་འདོད་བློ་བཀོད་པ་མ་ཟད་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཀོད།

གྲོས་མཐུན་ལྟར་ན། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་བེད་སྤྱོད་དང་། རྨང་གཞིའི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་གསར་འཛུགས་དང་བརྗེ་སྤོར་བསྒྱུར་བཀོད། གྲོང་ཁྱེར་ནང་གི་སྡེ་བ་བསྒྱུར་བཀོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་རྒྱུན་ལྡན་དང་འཕྲལ་བསྟུན་གཉིས་སྤྱོད་ཀྱི་སྤྱི་ཐུན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། གྲོང་གསེབ་དར་སྤེལ་དང་གྲོང་གསེབ་འཛུགས་སྐྲུན་སོགས་ཕྱོགས་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་གྲོང་ཁྱེར་གསུམ་མཉམ་སྐྲུན་དང་གནས་བཞི་གཞི་གཅིག་གི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་ཏན་ཏིག་གིས་འཛུགས་སྐྲུན་བྱས་པ་དང་། སྲོལ་རྒྱུན་གྲོང་སྡེའི་སྲུང་སྐྱོབ་བེད་སྤྱོད་ལ་ཤུགས་བསྣན་པས། གྲོང་སྡེ183ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་ཐོ་ཁྲོད་ཚུད་པ་དང་། དེ་ནུབ་བྱང་གི་གོ་གནས་དང་པོར་སླེབས་ནས། སྲོལ་རྒྱུན་གྲོང་སྡེའི་ཆ་ཚང་རང་བཞིན་དང་རྒྱུན་མཐུད་རང་བཞིན་གྱི་སྲུང་སྐྱོབ་དང་རྒྱུན་འཛིན་དང་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་། ཐེངས་འདིའི་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བར་གྱི་མཉམ་ལས་ཀྱིས། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཁྲིད་ཕྱོགས་བྱེད་པ་དང་ཞན་ཆ་ཁ་གསབ་བྱེད་པ། དུས་འཁོར་ལྡོག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྲོལ་རྒྱུན་གྲོང་སྡེ་ཡི་དུས་རབས་གསར་བའི་འགུག་ཤུགས་གསར་བ་མངོན་པར་བྱེད་པ་དང་། གྲོང་གསེབ་དར་སྤེལ་གཏོང་བ་དང་ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་རེད། ཞིང་ལས་འཕེལ་རྒྱས་དངུལ་ཁང་ཞིང་ལས་སྲིད་ཇས་རང་བཞིན་གྱི་དངུལ་ཁང་ཡིན་པའི་ཆ་ནས། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་བེད་སྤྱོད་སོགས་ཕྱོགས་ནས་ཡིད་རྟོན་དངུལ་བུན་ཐོན་རྫས་དང་སྲིད་ཇུས་ཐོན་ཁུངས་ཆ་སྡེབས་བྱེད་པ་དང་། ནུས་པ་ལྡན་པའི་སྒོ་ནས་ཞབས་འདེགས་ཞུ་བ། ཕན་འབྲས་བརྩོན་ལེན་བྱེད་པ་དང་དཔེ་མཚོན་བཞེངས་བསྐྲུན་བྱེད་པ། གྲོས་མཐུན་གྱི་ནང་དོན་མྱུར་དུ་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་མཁར་གྲོང་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་ཐད་རམ་འདེགས་བྱེད་རྒྱུ་རེད།

ཡིད་རྟོན་དངུལ་བུན་གྱིས་སྲོལ་རྒྱུན་གྲོང་སྡེའི་སྲུང་སྐྱོབ་བེད་སྤྱོད་ཐད་རྒྱབ་སྐྱོར་བྱེད་པའི་བྱ་བའི་མཉམ་འབྲེལ་རྐྱེན་སྲོལ་འཛུགས་པ་དང་། མཉམ་དུ་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་བེད་སྤྱོད་ཀྱི་མཚོ་སྔོན་གྱི་པར་གཞི་གསར་སྐྲུན་བྱེད་ཆེད། ཕྱོགས་གཉིས་ཀྱིས་མཉམ་དུ་ཞིང་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་དངུལ་རྩས་སྲོལ་རྒྱུན་གྲོང་སྡེའི་སྲུང་སྐྱོབ་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། མཚོ་སྔོན་གྱི་སྲོལ་རྒྱུན་གྲོང་སྡེའི་གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཐད་རེ་བ་གསལ་བོ་བཏོན།

རིན་ཆེན་མཚོས་བསྒྱུར།