དཔྱིད་རླུང་འགུལ་སྐྱོད་ཀྱིས་ལས་གནས་བསྐྲུན་པ་དང་ངལ་རྩོལ་རོགས་ལས་ཀྱིས་ལས་ཞུགས་ལ་སྐུལ།
2025.03.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3ཚེས12ཉིན།མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་ཡིས2025ལོའི་དཔྱིད་རླུང་འགུལ་སྐྱོད་དང་ལས་ཞུགས་སྣེ་ཁྲིད་དང་ཤར་ནུབ་ས་ཁུལ་གྱི་ངལ་རྩོལ་རོགས་ལས་ཆེད་དོན་ལས་བསྡུའི་གདན་ཞུའི་ཚོགས་འདུ་བསྡུས་ནས་ནུས་ཤུགས་ཡོད་རྒུའི་ལས་ཞུགས་གནས་བབས་གཏན་འཇགས་ཡོང་བ་དང་།ཁེ་ལས་ཀྱིས་ལས་བཟོ་བ་བཀོལ་བའི་དགོས་མཁོར་འགན་སྲུང་དང་ལས་ཀ་འཚོལ་མཁན་དག་ལ་སྟབས་བདེ་དང་ནུས་ཚད་མཐོ་བའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས།

གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ།དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཐག་ཉེ་དང་ས་གནས་རང་ནས་ལས་ཞུགས་བྱེད་པར་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད།མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་དང་ཅང་སུའུ་ཞིང་ཆེན་ཝུའུ་ཞིས་གྲོང་ཁྱེར་ཧོས་ཧྲན་ཆུའུ་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་ལས་བསྡུའི་གདན་ཞུ་ཚོགས་འདུ་བསྡུས།ཤར་ནུབ་ས་ཁུལ་གྱི་ངལ་རྩོལ་རོགས་ལས་ཀྱི་སྟོབས་ཆེའི་ནུས་པར་བརྟེན་ནས་ངལ་རྩོལ་ནུས་ཤུགས་མང་པོའི་ལས་ཞུགས་མངོན་འགྱུར་གང་ལེགས་བྱུང་།ཐེངས་འདིའི་ལས་བསྡུའི་ཚོགས་འདུར་ཞིང་ཆེན་ཕྱི་ནང་གི་ཁེ་ལས་ཁྱོན་བསྡོམས་གྱ་དྲུག་ལྷག་གིས་ལས་རིགས་བརྒྱ་དང་ང་གཉིས་ཀྱི་ལས་གནས་སྟོང་བརྒྱད་ལྷག་མཁོ་འདོན་བྱས་ཡོད་པ་དང་།ལས་ཀ་འཚོལ་མཁན་མི་སྟོང་གཉིས་ལྷག་བྱ་འགུལ་ལ་ཞུགས་པ་དང་ཡུལ་དངོས་ནས་ཁེ་ལས་བར་ལས་ཞུགས་མོས་མཐུན་ཡི་གེ་བཀོད་པའི་མི་ཉིས་བརྒྱ་ལྷག་ལ་སླེབས།

ཉེ་བའི་ལོ་འདི་དག་རིང་།ཕིན་ཨན་ཆུའུ་ཡིས་རྒྱུན་འཐུད་ངང་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས།ལས་ཞུགས་སྲིད་ཇུས་དོན་འཁྱོལ་དང་ལག་རྩལ་གསོ་སྦྱོང་དང་ལས་སྒོ་གསར་སྤེལ་རོགས་སྐྱོར་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་ཞུགས་སྟེགས་བུ་དང་ཐབས་ལམ་མང་པོ་རྒྱ་བསྐྱེད་པ་དང་།རྒྱ་ཆེ་བའི་ལས་ཞུགས་པ་དག་ལ་གནད་ཁེལ་སྟབས་བདེའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ནས་ས་གནས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་བཏང་།


དངོས་སྦྱོང་སློབ་མ་ལྷ་མོ་སྒྲོལ་མས་བསྒྱུར།