ཡུལ་ཤུལ་ཁུལ་གྱིས་སྤུས་ཚད་མཐོ་བའི་རྩ་འཛུགས་བྱ་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2025.03.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

2024ལོ་ནས་བཟུང་།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་ལྟེ་བར་དམིགས་པ་དང་།  སྤྱི་ཡོངས་ཞབས་ཞུ།  དོན་འཁྱོལ་དམ་འཛིན།  དངོས་སྒྲུབ་འགན་ལེན་གྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་བསམ་བློའི་འཛུགས་སྐྱོང་གཏིང་ཟབ་དང་དོན་འཁྱོལ་བྱས་ལ།  ལས་བྱེད་པའི་འདེམས་གསོ་དང་དོ་དམ་བཀོལ་སྤྱོད་བཅས་མུ་མཐུད་དུ་ཚད་ལྡན་དུ་བཏང་བ་དང་།  གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་ཏན་ཏིག་ངང་སྐུལ་སྤེལ་བྱས་པ་མ་ཟད།  རིགས་སོ་སོའི་འཇོན་མི་ཁག་འགྲན་རྩོད་ངང་འཕེལ་རྒྱས་བཏང་ནས། ཡུལ་ཤུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་བརྟན་གྱི་རྩ་འཛུགས་འགན་སྲུང་བྱས་ཡོད།

སེམས་ཤུགས་གཅིག་སྒྲིལ་གྱིས་བསམ་བློའི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ།  གཞུང་ལུགས་ཀྱི་དྲག་ཆས་ལ་གྲུབ་འབྲས་གསར་བ་བླངས།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱས་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལེག་ལེན་མཐར་ཕྱིན་བྱས་ལ།   འཁོར་སྦྱོང་འཛིན་གྲྭ་ཐེངས21པ་དང་ཁུལ་རིམ་པའི་གསོ་སྦྱོང་དཔེ་སྟོན་འཛིན་གྲྭ་ཐེངས24པ་སྒྲུབ་པ་དང་།  གསོ་སྦྱོང་དུ་ཞུགས་པའི་ཏང་ཡོན་ལས་བྱེད་པ་ཆིག་སྟོང་བརྒྱད་བརྒྱ་དྲུག་ཅུ་ལྷག་ཡོད།  ཕུལ་བྱུང་བརྙན་ལམ་སློབ་ཁྲིད《རྒྱས་བཟང་བསོད་ནམས་དར་རྒྱས》ཞེས་པའི་གསར་བརྗེའི་ཡུལ་སྣང་ཅན་གྱི་ཏང་གི་སློབ་ཁྲིད་དེ་ཀྲུང་དབྱང་རྩ་འཛུགས་པུའུ་ལ་འོས་སྦྱོར་བྱས།

ཡང་དག་པའི་མི་འདེམ་སྤྱོད་ཀྱི་ཕྱོགས་སྟོན་བཙུགས་ནས།  ལས་བྱེད་རུ་ཁག་ལ་གསོན་ཤུགས་གསར་བ་བསྣན།  ཆབ་སྲིད་ཀྱི་ཚད་གཞི་གཙོ་ཤོས་དམིགས་གསལ་ཡིན་པ་དང་།  དངོས་སྒྲུབ་དངོས་ཐོབ་དངོས་ཕན་རྒྱུན་འཁྱོངས་བྱས་ནས།  མི་འདེམ་སྤྱོད་ཀྱི་ཕྱོགས་ཁྲིད་ལེགས་པོ་བཙུགས།  བསྐོ་འཐེན་བྱས་ཆོག་པའི་ཕུལ་བྱུང་ལས་བྱེད་པ250ལྷག་ཁོང་དུ་ཆུད་པར་བྱེད་པ་དང་།  གྲོང་རྡལ་གྱི་ལས་བྱེད་པ27གཙང་སེལ་དང་གཡར་གཏོང་བྱས་ལ། ཐེངས་དང་པོར་ཁུལ་ཡོངས་ཀྱི "ཆེས་མཛེས་པའི་གཞུང་ཞབས་པ"མི་ལྔ་ལ་དཔྱད་འདེམ་དང་གཟེངས་བསྟོད་བྱས།  ཁུལ་ཡོངས་ཀྱི་ལས་བྱེད་པའི་ཆ་འཕྲིན་དོ་དམ་མ་ལག་དང་ལས་བྱེད་པའི་མི་དོན་ཡིག་ཚགས་དོ་དམ་མ་ལག་བཙུགས་ནས་ལེགས་འགྲུབ་བྱུང་བ་དང་།  "གྲངས་འཛིན་རྩ་འཛུགས་ལས་དོན"གྱི་འཛུགས་སྐྲུན་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

འཇོན་མི་སྟོབས་ལྡན་ཁུལ་གྱི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བྱས་ནས།   འཇོན་མིའི་བྱ་བར་རྣམ་པ་གསར་བ་བཏོད།  ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱ་བའི་བྱེད་ཐབས་མང་བོ་བཟོས་ཏེ།  "ཅང་ཡོན་འཇོན་མི"འི་ཟོང་རྟགས་ཧུར་བརྩོན་གྱིས་བསྐྲུན་པ་དང་།  ཐེངས་དང་པོར་ཅང་ཡོན་ལྷ་རྗེ་དང་། ཅང་ཡོན་དགེ་རྒན་གྲགས་ཅན།  ཅང་ཡོན་ལག་བཟོ་བ།  ཅང་ཡོན་ཤེས་ཡོན་པ་བཅས་མི23 དཔྱད་འདེམ་དང་གཟེངས་བསྟོད་བྱས།  སློབ་གླིང་གི་འཇོན་མི་ནང་འདྲེན་བྱེད་པར་ཤུགས་སྣོན་བྱས་ཏེ།   རམ་འབྱམས་ཞིབ་འཇུག་སློབ་མ14ཡུལ་ཤུལ་དུ་གཞིས་ཆགས་ཡོད།  ཡུལ་ཤུལ་གྱི་མཚོ་སྔོན་རོགས་སྐྱོར་རྟེན་གཞིའི་འཛུགས་སྐྲུན་ལ་གཅིག་གྱུར་སྐུལ་འདེད་བྱས་ཏེ།  ཁུལ་ཡོངས་ཀྱི་རྒྱལ་ཁབ་ཡོན་ཧྲི་ལས་དོན་ས་ཚིགས་དང་པོ་བཙུགས་པ་དང་།  འབུམ་རིམ་པ་སུང་རིན་ཏི་སྐབས་ལྔ་བའི"མཚོ་སྔོན་མིག་དཔེ"རུ་འདམས་ཐོན་བྱུང་།


ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།