མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱིས་སྡོང་འཛུགས་འོས་འགན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
2025.03.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ།  རེབ་གོང་གྲོང་ཁྱེར་ཀྱི་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ། རྨ་ལྷོ་ཁུལ་ནགས་ལས་ས་ཚུགས་བཅས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་གྲོང་ཁྱེར་རེབ་གོང་ཐང་ཆེན་དུ “3· 12” སྡོང་འཛུགས་འོས་འགན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།  ཕྱོགས་ཡོངས་ནས་“བྱང་གསུམ”འགོག་སྲུང་བྱ་བ་ཡག་པོར་བསྒྲུབས་པ་དང་།  མང་ཚོགས་ཀྱི་སྡོང་འཛུགས་ནགས་བསྐྲུན་དང་།   ལྗང་མདོག་ལ་དུང་བ།  ལྗང་སྲུང་འདུ་ཤེས་བཅས་ཀྱི་ཁོར་སྲུང་གི་བྱ་བར་སྣེ་ཁྲིད་བྱས་ནས།  དམངས་ཡོངས་ཀྱི་སྡོང་འཛུགས་འོས་འགན་གྱི་ལས་རིམ་རྣམ་པ་གསར་བཏོད་བྱས།

“སྡོང་འཛུགས་ནགས་བསྐྲུན་གྱི་འོས་འགན་ཁུར་ནས། མཛེས་སྡུག་ལྡན་པའི་རྨ་ལྷོ་མཉམ་དུ་བསྐྲུན།” ཅེས་པ་གླེང་གཞི་བྱས་ཤིང་།ཡུལ་དངོས་ལ་བཀལ་བའི་འཕྲེད་འགེལ་སྦྱར་ཡིག་གི་རྨ་ལྷོ་ཁུལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ཆོད་སེམས་མཚོན་ཡོད།དྲིལ་བསྒྲགས་འགྲེམས་བྱང་རེ་རེའི་རྨ་ལྷོ་ཁུལ་གྱིས་ལོ་གང་མང་གི་སྡོང་འཛུགས་འོས་འགན་དང་།  སྡོང་འཛུགས་སྔོ་འགྱུར་གྱི་གྲུབ་འབྲས་མངོན་ཡོད་ལ། ལས་མི་རྣམས་ཀྱིས་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་རྫས་སྤྲོད་དེ་སྡོང་འཛུགས་ནགས་སྲུང་གྱི་ཤེས་བྱ་ཁྱབ་གདལ་དུ་བཏང་།

ཉེ་བའི་ལོ་འགས་རིང་།   རྨ་ལྷོ་ཁུལ་གྱིས་འཐུས་ཚང་བའི་ལྗང་མདོག་སྐྱེ་ཁམས་ཀྱི་སྲུང་ཡོལ་འཛུགས་བསྐྲུན་བྱེད་རྒྱུ་དམིགས་སུ་བཟུང་ནས།    ལྗང་འགྱུར་ནགས་སྐྲུན་དང་ཆུ་ཤོར་ས་ཉིལ་ཀྱི་བཅོས་སྐྱོང་གནད་དུ་འཛིན་པ་དང་།  ཞན་འགྱུར་ནགས་ཚལ་གྱི་སྐྱེ་ཁམས་ཉམས་གསོ་གཏིང་ཟབ་བྱས་ནས་སྡོང་ཕྲུག་གསོ་སྐྱོང་དང། ནགས་ཚལ་འགོག་སྲུང་གྱི་མ་ལག་འཐུས་ཚང་དུ་བཏང་སྟེ་ནགས་ཚལ་འགོག་སྲུང་གྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད།  རྨ་ཆུ་དང་རོང་བོའི་ཆུ་རྒྱུད་དུ་ལྗང་མདོག་བར་ཁྱམས་བསྐྲུན་རྒྱུར་རྩེ་གཅིག་ཏུ་དམིགས་ནས།   “ཁྲོན་ལམ་སྟེང་ལ་སྔོ་ལྗང་བར་འཁྱམས་བསྐྲུན།།  ཆིན་ཧྲན་རི་བོས་རི་ཆུའི་མཐུས་ཤོར་བཅོས།།  ནོའོ་ཧྲན་རི་བོས་གཙང་བོའི་འབྱུང་ཁུངས་སྐྱོང་།།  མདོ་དབུས་མཐོ་སྒང་ལྗང་མདོག་རྩྭ་ཐང་འདེབས།།”   ཅེས་པའི་སྐྱེ་ཁམས་འཛུགས་བསྐྲུན་གྱི་བསམ་བློ་ཕྱོགས་བསྡོམས་ངང་ཆགས། མིག་སྔར་རིམ་རྩིས་བྱས་པ་ལྟར་ན“བྱང་གསུམ”ལས་གྲྭའི་མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་གཉིས་དང་སྟོང་དྲུག   རི་བཀག་ནགས་གསོའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་དྲུག་དང་སྟོང་དགུ   ནགས་ཚལ་ཞན་འགྱུར་གྱི་བསྐྱར་གསོའི་རྒྱ་ཁྱོན་ནི་སྤྱི་ཆིང་ཁྲི་གཅིག་སྟོང་གསུམ་སུམ་བརྒྱ་སོ་གསུམ་དང་གྲངས་ཆུང་གསུམ་ཟིན་ཡོད།

རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་བཏང་ནས།  དམངས་ཡོངས་ཀྱི་སྡོང་འཛུགས་འོས་འགན་གྱི་བྱེད་སྒོར་གྲ་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་བྱས་ཏེ།  “རྨ་ལྷོ་ཁུལ་གྱི་སྡོང་འཛུགས་འོས་འགན་ལྟེ་གནས” ཀྱི་སྤྱི་སྟེགས་བརྒྱུད་ནས “མཉན་འབྲེལ་དྲ་རྒྱ+དམངས་ཡོངས་སྡོང་འཛུགས་ཀྱི་འོས་འགན” རྣམ་པ་གསར་བ་ཁྱབ་བརྡལ་དུ་བཏང་བ་དང་།  གྲོང་མི་སྔར་ལས་མང་བས་དྲ་ཐོག་དང་ཡུལ་དངོས་ཀྱི་རྩ་འཛུགས་ལ་བརྟེན་ནས་སྡོང་འཛུགས་ཀྱི་བྱེད་སྒོར་ཞུགས་པ་དང་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བྱེད་པར་བསྔགས་སྐུལ་བྱས་ནས།  “བྱང་གསུམ”འགོག་སྲུང་གི་རྨ་ལྷོའི་སྟོབས་ཤུགས་ལ་བྱས་རྗེས་བཞག་དེ།  ལག་གདང་སྦྲེལ་ནས་སྐྱེ་ཁམས་འཕྲོད་པོ་འགག་རྩར་འཛིན་པའི་རྨ་ལྷོ་གསར་བ་འཛུགས་སྐྲུན་བྱས།


དངོས་སྦྱོང་སློབ་མ་རྡོ་རྗེ་ཡིས་བསྒྱུར།