མིན་ཡོན་རྫོང་གིས་ནུས་ཤུགས་ཡོད་རྒུས་ཏང་འཛུགས་ཐད་ཀྱི་ཕན་འབྲས་ཇེ་ཆེར་བཏང་།
2025.03.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གིས་སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པབ་རྒྱུད་ནས་བསམ་བློར་ཤུགས་སྣོན་པ་དང་།    དཔུང་སྡེ་དམ་འཛིན་བྱེད་པ།    འགན་འཁྲི་གནོན་དངོས་འབེབ་བྱེད་པ།    ཚོང་རྟགས་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དཔེ་བཟང་ལས་ཁུངས་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ལས་ཁུངས་ཀྱི་ཏང་འཛུགས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་མུ་མཐུད་ཆེ་རུ་བཏང་།

བསམ་བློར་ཤུགས་སྣོན་པ་དང་དཔུང་སྡེ་དམ་འཛིན་བྱས་ཏེ་ལས་ཁུངས་ཀྱི་ཏང་འཛུགས་སྟོབས་ལྡན་ཡོང་བར་བྱ།     རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་སློབ་སྦྱོང་ལ་བརྟེན་ནས།    “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་གཅིག་སྡུད་སློབ་སྦྱོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་དངོས་འབེབ་གང་ལེགས་བྱས། གཞུང་ལས་ཁང་གི“སློབ་ཁྲིད་ཆུང་བ”དང་གཅིག་བསྡུས་གསོ་སྦྱོང་སོགས་ཀྱི་རྣམ་པ་སྤྱད་དེ་ཏང་གི་ལས་དོན་ལས་བྱེད་པར་རྒྱུན་ལྡན་ཅན་གྱི་སློབ་སྦྱོང་སློབ་གསོ་བྱས། ཏང་གི་དོན་ལས་བྱེད་པ་དང་ཏང་ཞུགས་ཡར་ཐོན་མི་སྣ།   འཕེལ་རྒྱས་བྱ་ཡུལ་བཅས་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཏང་གི་ལས་དོན་པའི་ལས་ཀའི་ཆུ་ཚད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་།    ལས་ཀའི་ནུས་པ་གཏིང་ཟབ་ངང་ཆེ་རུ་བཏང་།

འགན་འཁྲི་ལྗིད་མོ་དང་ལས་འགན་གསལ་པོ་བཟོས་ནས་ལས་ཁུངས་ཀྱི་ཏང་འཛུགས་ནན་མོ་ཡོང་བ་བྱས་ཏེ།     ལས་ཁུངས་ཀྱི་ཏང་འཛུགས་བཀོད་སྒྲིག་དང་སྐུལ་འདེད་ཚོགས་འདུ་རྩ་འཛུགས་བྱས།“རིམ་པ་བཞི་དང་ལས་གནས་ལྔའི”འགན་འཁྲིའི་གསལ་ཐོ་འཐུས་ཚང་དུ་གཏོང་བ་དང་།    ཟླ་རེའི་དྲན་སྐུལ་དང་།    དུས་ཚིགས་ཞིབ་བཤེར།    ལོ་མཇུག་གི་ལས་འགན་སྙན་སེང་ཞུ་བའི་དཔྱད་བསྡུར་བཅས་ཀྱི་ཏང་འཛུགས་ཀྱི་ལྟ་སྐུལ་འཐུས་ཚང་དུ་བཏང་ནས།

ཏང་རྩ་འཛུགས་རིམ་པ་ཁག་གི་ཧྲུའུ་ཅིས་མུ་མཐུད་དུ་“འགན་འཁྲིའི”ལེགས་པར་འདོན་པ་སྐུལ་འདེད་བཏང་། ཞི་ཅིན་ཕིང་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱས་ཚུལ་ནང་དོན་གལ་ཆེན་དུ་བརྩིས་ནས་ཞིབ་བཤེར་གསལ་ཐོའི་ནང་བཅུག་ནས་ཏང་རྩ་འཛུགས་ཁག་གིས“གྲོས་གཞི་དང་པོའི”ལམ་ལུགས་ཞིབ་ཕྲ་དོན་འཁྱོལ་བྱེད་པར་ཕན་ནུས་ལྡན་པའི་སྐུལ་འདེད་བཏང་།

དཔེ་སྟོན་དམ་འཛིན་དང་ཚོང་རྟགས་འཛུགས་པ་བཅས་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་དར་རྒྱས་ཡོང་བར་བྱས།ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་བྱེད་པ་དམིགས་འབེན་དུ་བཟུང་སྟེ། ཏང་འཛུགས་ཚོང་རྟགས་མཐོར་འདེགས་གཏོང་བའི་ལོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། ཏང་རྩ་འཛུགས་ཁག་གི་ཏང་འཛུགས་ཚོང་རྟགས་བསྐྱར་དུ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཕུལ་བྱུང་ཏང་འཛུགས་ཚོང་རྟགས་སྐོར་ཞིག་གསར་སྐྲུན་བྱས། གདོང་ལེན་སྣེ་ཁྲིད་གྱི་ནུས་ཤུགས་ཆེ་རུ་བཏང་སྟེ་ཏང་ཡོན་གྱི་དཔེ་སྟོན་ལས་གནས་དང་ཏང་ཡོན་གྱི་འགན་འཁྲི་ཁུལ་བཙུགས་པདང་།    ཏང་ཡོན་གྱི་གདོང་ལེན་རུ་ཁག་བཙུགས་ཏེ་སྒེའུ་ཁུང་སྡེ་ཁག་དང་ཞབས་ཞུའི་ལས་རིགས་ལ་ཐོབ་ཐང་གསལ་སྟོན་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱས། དོ་དམ་ཞབས་ཞུའི་རྣམ་པ་གསར་གཏོད་དང་ཁྱབ་སྤེལ་བཏང་ནས་ལོ་ནང་སྡེ་ཁུལ་གྱི་ཕྱིར་སྐྱོད་དཀའ་བ་དང་ས་གནས་གཞན་དུ་ལུས་ཕུང་བརྟག་དཔྱད་དཀའ་བ་སོགས་དམངས་འཚོའི་དོན་དག་མཐུན་སྦྱོར་ཐག་གཅོད་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་མིང་ཐོ་འགོད་པ་གཉིས་ཀྱི་ལམ་སྲོལ་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་།


དངོས་སྦྱོང་སློབ་མ་བཀྲ་ཤིས་གཡང་འཛོམས་ཀྱིས་བསྒྱུར།