ཟླ3པའི་ཚེས15ཉིན། གནའ་སྡོང་སྲུང་སྐྱོབ་སྲོལ་ཡིག་ལག་བསྟར་བྱེད་འགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་ཞིང་ཆེན་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཟི་ལིང་གྲོང་ཁྱེར་ནགས་རྩྭ་ཅུའུ་དང་ཟི་ལིང་གྲོང་ཁྱེར་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་མཉམ་འབྲེལ་བྱས་ནས་ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་དུ་སྡོང་འཛུགས་ཀྱི་འོས་འགན་ལག་བསྟར་བྱེད་པ་དང་། མཛེས་སྡུག་གི་མཚོ་སྔོན་མཉམ་སྐྲུན་བྱེད་པ་དང་ངས་བྱང་གསུམ་གྱི་ཆེད་དུ་སྡོང་འཛུགས་བྱེད་པའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། དེའི་དམིགས་འབེན་ནི་ཚང་མ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཡིན།
ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ལ་ཟུང་འབྲེལ་བྱས་ནས། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ནགས་རྩྭ་ཅུའུ་ཡིས་སྡོང་ཕྲུག་ལ་ཆུ་གཏོང་བ་དང་སྡོང་ཕྲུག་གཅིག་སྐྱོང་བའི་བྱ་འགུལ་སྤེལ་བ་དང་། མང་ཚོགས་སྡོང་ཕྲུག་སྐྱོང་བའི་བྱ་འགུལ་དང་སྡོང་སྐམ་ལོ་རྙིད་ཕྱགས་པ་དང་གད་སྙིགས་གཙང་དག་བྱེད་པ་སོགས་ཀྱི་བྱ་འགུལ་ཁྲོད་ཞུགས་པར་སྐུལ་སློང་བཏང་སྟེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་སྡོང་འཛུགས་འོས་འགན་ལག་བསྟར་བྱས།
བྱ་འགུལ་ཡུལ་དངོས་སུ། གནའ་སྡོང་སྲུང་སྐྱོབ་སྲོལ་ཡིག་འགྲེལ་ཀློག་བྱེད་པ་དང་འགྲེམ་སྟོན་པང་ལེབ་བཤམས་པ། ཡིག་ཆ་བཀྲམས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཀྱི་འགན་སྒྲུབ་རྣམ་པ་བརྒྱད་དང་མཉམ་འབྲེལ་དྲ་རྒྱ་དང་དམངས་ཡོངས་འོས་འགན་སྡོང་འཛུགས་ཟུང་འབྲེལ་བྱས་པའི་རྟེན་གཞི་འཛུགས་སྐྲུན། ནགས་སྐྲུན་རྩྭ་འདེབས་དང་ནགས་ཚལ་རྩྭ་སའི་མེ་འགོག གནའ་སྡོང་སྲུང་སྐྱོབ། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་རྒྱ་ཆེར་བྱས་པ་དང་། མང་ཚོགས་ཀྱིས་ལག་པར་བརྒྱུད་དེ་དྲ་ཐོག་ནས་ཁྱབ་བསྒྲགས་བྱས་པའི་རིགས་མི་འདྲ་བའི་འོས་འགན་སྡོང་འཛུགས་བྱ་འགུལ་སྣ་ཚོགས་ཁྲོད་ཞུགས་པ་དང་སྡོང་འཛུགས་འོས་འགན་ལག་བསྟར་བྱེད་པར་སྣེ་ཁྲིད་བྱས། མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་བྱ་འགུལ་ལྟེ་གནས་ཀྱི་དགེ་རྒན་དང་བྱིས་པ་ཚོས་མཉམ་དུ་མཉམ་དུ་སྡོང་འཛུགས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཚོ་སྔོན་གསར་བའི་སྐྱེ་ཁམས་རྒྱ་ཁྱབ་བརྡ་སྦྱོར་དང་སྡོང་ཕྲུག་གི་རེ་འདུན་བྱང་བུ་ལས་པ་དང་། ན་གཞོན་ལོ་ཆུང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པ། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྣེ་ཁྲིད་བྱས་པ་དང་། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཐད་གསོན་ཤུགས་གསར་བ་བསྣན།
རིན་ཆེན་མཚོས་བསྒྱུར།