མཚོ་སྔོན་ལའོ་ཏུའུ་ཡིས་ཞིང་བ་ལས་བཟོ་པ་སྟོང་གཉིས་ལྷག་ལ་གླ་ཕོགས་སྒོར་མོ་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་གསུམ་ཁྲི་བདུན་ཆད་པ་ཕྱིར་སྤྲད།
2025.03.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ན་ནིང་ནས་ད་ལྟའི་བར། ང་ཚོས་གསར་གཏོད་འཛུགས་བསྐྲུན་ལ་བརྟེན་ནས་སྲིད་འཛིན་སྡེ་ཁག་གི་མགོ་གཙོ་དང་། ངལ་རྩོལ་སྡེ་ཁག་གི་ལྟ་ཞིབ་པས་ལྟ་ཞིབ་བྱེད་པ། སྤྱི་བདེ་སྡེ་ཁག་གིས་རྡུང་རྡེག་བྱེད་པ།  ཞིབ་དཔྱོད་ལས་ཁུངས་ཀྱིས་ལྟ་སྐུལ་བྱེད་པ། མི་དམངས་ཁྲིམས་ཁང་གིས་ལག་བསྟར་བྱེད་པ།  སྡེ་ཁག་མང་པོས་མཉམ་འགུལ་གྱི་རྣམ་པས་ ཞིང་པ་ལས་བཟོ་པའི་གླ་ཕོག་ཆད་པའི་དཀའ་གནད་ཁག་ཅིག་ཐག་གཅོད་བྱས་ཡོད། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུའུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།  ད་ལྟའི་བར་དུ། ཁྱོམ་སྡོམ་ཞིང་བ་ལས་མི2020ལ་གླ་ཕོགས་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་གསུམ་ཁྲི་བདུན་སྟོང་ལྔ་ཆད་པ་ཕྱིར་བསྡུས།

ན་ནིང་ནས་ད་བར་ལའོ་ཏུའུ་ཆུའུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་ཁུལ་ཨུའི་སྤྱི་ཚོགས་ལས་དོན་པུའུ་དང་ཁུལ་ངལ་རྩོལ་ལྟ་ཞིབ་རུ་ཁག་སོགས་ཡིག་སྐུར་ཞུ་གཏུག་རེ་འདུན་གཅིག་སྡུད་བྱེད་པའི་འགན་ནུས་སྡེ་ཚན་ལ་དམིགས་ཏེ་གླ་ཕོགས་ཆད་པའི་ཡིག་སྐུར་ཞུ་གཏུག་བསྒྲུབས་ཚུལ་ལ་ལྟ་སྐུལ་བྱས་ཏེ་གྲོང་ཁུལ་གྱི་ཁུལ་ཆུང་རྙིང་པའི་འབར་རླངས་སྒྱུར་བཀོད་སོགས་གླ་ཕོགས་ཆད་པའི་གནད་དོན9ཐག་གཅོད་བྱེད་པར་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་བཏང་བ་དང་། ཞིང་པ་ལས་བཟོ་བ1280ལ་གླ་ཕོགས་ཆད་པའི་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་བརྒྱད་ཁྲི་བདུན་དང་སྟོང་གཉིས་ལྷག་ཙམ་ཚུར་བླངས།  མངའ་ཁོངས་གི་ཁེ་ལས་ག་གེ་མོ་ཞིག་གི་གླ་ཕོགས་ཆད་པའི་གནད་དོན2ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིང་པ་ལས་བཟོ་བ369ལ་ཆད་པའི་གླ་ཕོགས་སྒོར་ས་ཡ་གཉིས་དང་འབུམ་བདུན་ཁྲི་བདུན་ལྷག་ཙམ་ཕྱིར་བླངས། 

དེ་དང་ཆབས་ཅིག་མང་ཚོགས་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་དྲ་ཐོག་རླངས་འཁོར་མངགས་བཅོལ་ཀུང་སི་ག་གེ་མོ་ཞིག་གིས་དྲ་ཐོག་རླངས་འཁོར་མངགས་བཅོལ་ཁ་ལོ་བའི་གླ་ཕོགས་ཆད་འགྱངས་བྱས་པའི་གནད་དོན་ལ་བརྟེན་ནས་ཆད་འགྱངས་བྱས་པའི་གླ་ཕོགས་སྒོར་འབུམ་གསུམ་སྤྲོད་རྒྱུར་སྐུལ་འདེད་བཏང་བ་རེད། སྐྱེ་ཁམས་ཉམས་གསོ། ནགས་བཟོ་རྣམ་གྲངས་ཀྱི་གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་ལ་འཚམས་འདྲི་བྱས་རྗེས།འགན་ནུས་སྡེ་ཚན་གྱིས་རྣམ་གྲངས་འཛུགས་སྐྲུན་འགན་འཁུར་ཕྱོགས་ལ་ཆད་འགྱངས་བྱས་པའི་གླ་ཕོགས་སྒོར་འབུམ་གཉིས་དང་ཁྲི་བཞི་ལྷག་ཙམ་སྤྲོད་རྒྱུར་མཐུན་སྦྱོར་བྱེད་པར་ལྟ་སྐུལ་བྱས། བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་ལ་ཞིབ་བཤེར་བྱེད་སྐབས་གླ་ཕོགས་ཆད་པའི་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ།   ཞིང་པ་ལས་བཟོ་བ123ལ་གླ་ཕོགས་སྒོར་འབུམ་དྲུག་དང་ཁྲི་བརྒྱད་ལྷག་ཙམ་སྤྲོད་རྒྱུར་ལྟ་སྐུལ་བྱས་པར་མ་ཟད། ལྟ་ཞིབ་གྲོས་མགོའི་ཡི་གེ་བཀྲམ་ནས་འབྲེལ་ཡོད་སྡེ་ཁག་གིས་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་།  

ངོ་སྤྲོད་བྱས་པ་ལྟར་ན།  ལའོ་ཏུའུ་ཆུའུ་ཡིས་རྒྱལ་ཡོངས་ཀྱི་ཐོག་མའི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མངགས་གཏོང་བྱས་པའི་ངལ་རྩོལ་ལྟ་ཞིབ་རུ་ཆེན་གྱི་ལས་དོན་ཁང་དང་པོ་དང་། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་འབྲེལ་བའི་ཁྱབ་ཁོངས་ཀྱི་ཡིག་སྐུར་དང་ཁེ་དབང་སྲུང་སྐྱོང་མཉམ་འབྲེལ་སྣེ་ལེན་སྒེའུ་ཁུང་དང་པོ་དང་། ངལ་རྩོལ་ལྟ་ཞིབ་རུ་ཆེན་དུ་བཅའ་སྡོད་བྱེད་པའི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ཁང་དང་། ངལ་རྩོལ་ལྟ་ཞིབ་རུ་ཆེན་དུ་བཅའ་སྡོད་བྱེད་པའི་མི་དམངས་ཁྲིམས་ཁང་གི་ལས་དོན་ཁང་སོགས་ཁེ་དབང་སྲུང་སྐྱོང་སྟེགས་བུ་གསར་གཏོད་ངང་བཙུགས་ནས།  ཞིང་པ་རྣམས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་སྡེ་ཚན་མང་པོའི་མཉམ་འགུལ་ལམ་སྲོལ་བརྒྱུད་ནས་ཞིང་ཆེན་ཕྱི་རོལ་གྱི་གླ་ཕོགས་འདེད་པའི་ཁྲིམས་འཛིན་ཐེངས9གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་དང་། ཁྲིམས་དང་འབྲེལ་བ་ཡོད་པའི་གཏུག་བཤེར་དང་འབྲེལ་བ་ཡོད་པའི་གྱོད་གཞི9མཐུན་སྦྱོར་བྱས་ལ། གྱོད་གཞི་ཐོ་འགོད་མ་བྱས་པའི་གླ་ཕོགས་ཆད་པའི་གྱོད་གཞི113འདུམ་སྒྲིག་ཐག་གཅོད་བྱས་པས། 2025ལོའི་དཔྱིད་གསར་དུས་ཆེན་གྱི་སྔོན་ལ། གླ་ཕོགས་ཆད་འགྱངས་གྱི་སྒོར་མོ་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་བཞི་དང་ཁྲི་བཞི་འདེད་འཇལ་བྱས།

ཏིང་འཛིན་མཚོ་མོས་བསྒྱུར།