མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས་བ་ཚྭའི་ས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་།
2025.03.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

དཔྱིད་ཟླ་གསུམ་པ་ཚེས་བྱུང་། ས་གཞིར་གསོན་ཤུགས་རྒྱས་བྱུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་བ་ཚྭའི་ས་བཅོས་སྐྱོང་ལས་གཞིའི་ཡུལ་དངོས་ལས་བཟོ་བ་དག་གིས་བྲེལ་བྲེལ་འཚུབ་འཚུབ་ངང་། བ་ཚྭ་ཅན་གྱི་ཐང་རྒོད་དེ་སྐྱེ་ཁམས་ཅན་དུ་བསྒྱུར་བའི་ལས་གཞིའི་སྔོན་འགྲོའི་བྱ་བར་བྲེལ་བཞིན་འདུག   གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་བར་སྟོང་རྒྱ་བསྐྱེད་བྱེད་པའི་སྒོ་ཡོལ་ཆེན་པོ་ཕྱེས་ཏེ།  གོ་སྐབས་དམ་འཛིན་དང་དངོས་སྒྲུབ་སྔོན་བརྩོན་གྱི་ངར་ཤུགས་མངོན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།  ན་གོར་མོ་གྲོང་ཁྱེར་གྱིས་ཧུར་བརྩོན་སྒོས་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོ་བ་དང་།  ས་ཞིང་ལ་བརྟེན་ནས་འབྲུ་རིགས་ཉར་བའི་ཐབས་ཇུས་ལག་བསྟར་བྱས་པ་དང་།  མ་དངུལ་སྒོར་ས་ཡ་བདུན་བཏང་ནས་ས་མུའུ་སྟོང་ཅན་གྱི་བ་ཚྭའི་ས་ཆུ་ལུད་གཞི་གཅིག་ཅན་གྱི་དཔེ་སྟོན་ལྟེ་གནས་འཛུགས་སྐྲུན་ལེགས་འགྲུབ་བྱས་ཡོད་ལ།  བ་ཚྭའི་ས་སྤྱི་ཆིང106.7ལེགས་བཅོས་བྱས་ཡོད།  གླིང་ཕྲན་ཆུང་བའི་ས་ཁོངས་ཀྱི་བ་ཚྭའི་ས་སྤྱི་ཆིང9.27གྱི་ལེགས་བཅོས་ཚོད་ལྟའི་འདེབས་འཛུགས་ཀྱི་ཕན་ནུས་མངོན་གསལ་ཡིན་པ་དང་།  རྨོ་རིམ་ས་རྒྱུའི་ཚྭའི་འདས་ཚད་ཧ་ལམ50% མར་ཆགས་ཡོད།  2025ལོར།  གོར་མོ་གྲོང་ཁྱེར་གྱིས་མུ་མཐུད་དུ་ཤུགས་བསྣོན་བྱས་ནས།   བ་ཚྭ་ཅན་གྱི་ཐང་རྒོད་སྤྱི་ཆིང3333.3བསྒྱུར་བཀོད་ལས་གཞི་དང་སྤུས་ལེགས་ཕྱུགས་རྩྭའི་ཐོན་ལས་སྦྲེལ་ཐག་ལས་གཞི་ནང་འདྲེན་བྱས་པ་དང་།  ས་ཁོད་སྙོམས་པ། བ་ཚའི་ས་ལེགས་བཅོས་བྱེད་པ།  ཞིང་ཆུ་འདྲེན་བྱེད་ཀྱི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ།  ཕྱུགས་རྩྭའི་ལས་སྣོན་ཐོན་སྐྱེད་སོགས་འདུས་ལ།   ཐོན་སྐྱེད་དང་སློབ་སྦྱོང་།  ཞིབ་འཇུག་གསུམ་མཉམ་འབྲེལ་སྒོས་ལེགས་བཅོས་ལག་རྩལ་སྣ་ཚོགས་སྡེབ་སྒྲིག་བྱས་ཏེ། དེང་རབས་ཅན་གྱི་ཕྱུགས་རྩྭ་འདེབས་འཛུགས་ཀྱི་རྟེན་གཞི་བཙུགས་ནས།  བ་ཚྭའི་ས་གསར་སྤེལ་དང་བེད་སྤྱོད་བྱེད་རྒྱུ་རེད། 

བ་ཚྭའི་ས་བཅོས་སྐྱོང་བྱེད་པར།  ན་གོར་མོ་གྲོང་ཁྱེར་གྱིས་ས་བབ་དང་བསྟུན་ནས་འདེབས་འཛུགས་འོས་འཚམ་བྱེད་པའི་རྣམ་པ་འཚོལ་ཞིབ་བྱས་ཏེ།  ཆུ་ལུད་གཞི་གཅིག་ཅན་བེད་སྤྱད་དེ་བ་ཚྭའི་འདུས་ཚད་བཀྲུ་བ་དང་།  ས་རྒྱུ་སྲུང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས།  ཆུ་རླངས་འགྱུར་བྱས་ཏེ་ཚྭ་བར་འགྱུར་བ་ཇེ་ཉུང་ཏུ་གཏོང་བ་དང་།  ཆུའི་ཐོན་ཁུངས་བེད་སྤྱོད་ཚད་མཐོར་འདེགས་བཏང་ནས།  ཚྭ་བཀྲུ་བ་དང་ཞིང་ཆུ་འདྲེན་པ་ཟུང་འབྲེལ་སྒོས་ཚ་འདུས་རྫས་ལེན་པ་དང་།  སྒྲིག་ཆས་སྒྲིག་བཀོད་དང་རྒྱང་རིང་ཚོད་འཛིན་སྤྱད་ནས།  ཆུ་ལུད་གཞི་གཅིག་ཅན་མངོན་འགྱུར་བྱས།  ཚོད་རྩིས་བྱས་པ་ལྟར་ན།  ལག་རྩལ་འདི་ཡིས་ལུད་རྫས35%ཇེ་ཉུང་ཏུ་གཏོང་ཐུབ་ལ།  མི་ཤུགས50%དང་། ཆུ60%-70%གྲོན་ཆུང་བྱེད་ཐུབ་པ་དང་།  ཐོན་སྐྱེད་ཚད30 %འཕར་ཡོད།  དཔེ་སྟོན་དང་སྣེ་ཁྲིད་བྱས་ཏེ་ལག་རྩལ་གཞི་ཁྱོན་ཅན་དང་།  ཚད་ལྡན་ཅན་ཏུ་འགྱུར་བར་སྐུལ་འདེད་བཏང་ནས།   འདེབས་འཛུགས་ལས་རིགས་ཚད་ལྡན་ཅན་གྱི་མ་ལག་འཛུགས་པར་གཞོགས་འདེགས་ཀྱི་ནུས་པ་ཐོན་ཡོད།  མིག་སྔར།  ན་གོར་མོ་གྲོང་ཁྱེར་གྱིས་ས་རྒྱུ་ལེགས་བཅོས་དང་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་ལ་བརྟེན་ནས།  བ་ཚྭ་ཅན་གྱི་སར་སྣུམ་རྩྭ་དང་ཞོག་ཁོག་སོགས་ཚོད་འདེབས་བྱས།  སྐྱེ་དངོས་ཚྭ་སྐྱེལ་ལག་རྩལ་གྱིས་ལུད་སྤྱོད་ཚད20%-30%ཇེ་ཉུང་དུ་བཏང་ནས།  མ་རྩ་ཉུང་བ་དང་།  འབག་བཙོག་ཉུང་བ།  ཁྱད་ཆོས་ལ་དམིགས་པ།  སྤུས་ཚད་མཐོ་བའི་སྒོ་ནས་ཞིང་ལས་ཀྱི་སའི་ཐོན་ཁུངས་གསར་སྤེལ་བྱས།  ཞིང་ལས་ཐོན་ལས་ཀྱི་སྣ་མང་ཅན་དང་གཞི་ཁྱོན་ཅན་ལ་སྐུལ་འདེད་བྱས་ཏེ། རྒྱུན་མཐུད་རང་བཞིན་གྱི་དེང་རབས་ཞིང་ལས་ཀྱི་འཕེལ་རྒྱས་བགྲོད་ལམ་གསར་བ་བཏོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།