2025ལོའི་སྐབས་དང་པོའི་མཚོ་སྔོན་པོའི་ཞལ་སྒོ་ཕྱེས་པའི་བྱ་འགུལ་རབ་དང་རིམ་པ་མགོ་བརྩམས།
2025.03.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ3པའི་ཚེས20ཉིན། མཚོ་སྔོན་པོའི་ཞལ་སྒོ་ཕྱེ་བ་མི་ཚེའི་ཆེས་མཛེས་སྡུག་ལྡན་པའི་དུས་སྐབས་ཡིན་པ་བརྗོད་གཞི་ཡིན་པའི་མཚོ་སྔོན་པོའི་ཞལ་སྒོ་ཕྱེ་བའི་བྱ་འགུལ་རབ་དང་རིམ་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དང་། མདའ་བཞི་རྫོང་དུ་དུས་མཉམ་དུ་སྤེལ།

བྱེད་སྒོ་དེ་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་གྱིས་མཉམ་འབྲེལ་སྒོས་བསྒྲུབ་པ་དང་། རྐང་ཚ་རྫོང་དང་། མདའ་བཞི་རྫོང་གིས་བསྒྲུབ་ལ། ཐེངས་འདིའི་བྱ་འགུལ་ནི་མཚོ་སྔོན་པོའི་ཞལ་སྒོ་ཕྱེ་བའི་དུས་གོ་སྐབས་སུ་འཟུང་ནས། དེ་ཟླ5པའི་ཚེས20ཉིན་བར་དུ་རྒྱུན་མཐུད་པ་དང་། ཟླ་གཉིས་ལྷག་རིང་གི་སྐྱེ་ཁམས་རིག་གནས་ཀྱི་གསོལ་སྟོན་བརྒྱུད་དེ། དུས་ཚུགས་བཞིའི་ལོ་ཧྲིལ་བོར་ཡུལ་སྐོར་ཐོན་རྫས་མ་ལག་འཛུགས་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ་ཡིན་པའི་ཆ་ནས། མཚོ་སྔོན་པོའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཁྲོད་ཐུན་མིན་གྱི་ནུས་པ་ཐོན་ཡོད། ཐེངས་འདིའི་བྱ་འགུལ་དེ་ཁུལ་ཁོངས་མཉམ་འབྲེལ་དང་། དུས་བཞིའི་ནུས་སྩོལ། ཁུལ་ཁོངས་མཉམ་སྤྱོད་ཀྱི་འདུ་ཤེས་སྤྱད་དེ། སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་གཏིང་ཟབ་སྒོས་སྤེལ་ཏེ། མཚོ་སྔོན་པོའི་ཞལ་སྒོ་ཕྱེ་བའི་ཁྱད་མཚར་དང་། འདབ་ཆགས་གནས་སྤོ། ཙོང་ཉ་སོགས་སྐྱེ་ཁམས་ཀྱི་སྣང་ཚུལ་གནད་སར་བཟུང་ནས།  འཁྱགས་རོམ་པར་ལེན་འགྲེམས་སྟོན་དང་བྱའི་འགྲན་སྡུར་ལ་བལྟ་བ། སྐྱེ་ཁམས་ཚན་རྩལ་འཆད་ཁྲིད། ཤུལ་བཞག་རིག་གནས་འགྲེམས་སྟོན།  མཚོ་སྔོན་པོའི་རིག་གནས་བཞུགས་མོལ་ཚོགས་འདུ། མཚོ་སྔོན་པོ་བསྐོར་བའི་ལྕགས་རྟའི་འགྲུལ་བཞུད། དེ་མིན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ཚོགས་འདུ་དང་རིག་གནས་ཡུལ་སྐོར་ལས་གཞིའི་ཚོང་འགུག་འོས་སྦྱོར། སྐྱེ་ཁམས་པར་ལེན་འགྲན་བསྡུར་སོགས་གསར་བསྐྲུན་བྱས་ཏེ།  ཁྱོན་ཡོངས་ནས་མཚོ་སྔོན་པོའི་སྐྱེ་ཁམས་མཛེས་ཉམས་མངོན་པར་བྱེད་པ་དང་། ཞིང་ལས་དང་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་བཅས་ཐོན་ལས་མཉམ་འབྲེལ་འཕེལ་རྒྱས་བཏང་ནས། རྒྱལ་སྤྱིའི་ཡུལ་སྐོར་ཀྱི་དམིགས་སའི་ས་དང་མཚོ་སྔོན་པོའི་དཔེ་སྟོན་ཁུལ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རོགས་བྱས་ཏེ། རི་སྔོ་ཆུ་དྭངས་དེ་དམངས་ཕན་དང་དམངས་ཕྱུག་པོར་བསྒྱུར་བའི་གསེར་རི་དངུལ་རི་རུ་འགྱུར་དུ་འཇུག་དགོས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་པོའི་ཞལ་སྒོ་ཕྱེ་བ་རྒྱུན་པར་ལོ་རེའི་ཟླ3པ་ནས་ཟླ4བའི་བར་འབྱུང་བ་དང་། དྲོད་ཚད་དང་བསྟུན་ནས་འཁྱག་རོམ་དལ་མོར་ཞུ་ནས་སྒྲ་མེད་པའི་ངང་དཔྱིད་ཆུ་རུ་འགྱུར་བ་དང་། མཚོ་ངོས་ནས་བསྐྱར་དུ་རྦ་རླབས་མངོན་པ་ཡིན། སྣང་ཚུལ་དེ་ནི་ནམ་ཟླའི་ཁྱད་པར་ལས་བྱུང་ཡིན་ལ། དྲོད་ཚད་དང་བསྟུན་ནས་འཁྱག་རོམ་གྱི་ངོས་གས་ཏེ་ཕན་ཚུན་བཙུར་ནས་སྨི་འགའ་མཐོ་བས་འཁྱག་རོམ་གྲུབ་པ་དེར་པར་ལེན་མཁན་གྱི་དགའ་བསུ་ཐོབ་པ་དང་། མཐོ་སྒང་སྐྱེ་ཁམས་ཡུལ་སྐོར་གྱི་དཔེ་མཚོན་རང་བཞིན་གྱི་མཛེས་ལྗོངས་སུ་གྱུར་ཡོད།

ཏིང་འཛིན་མཚོ་མོས་བསྒྱུར།