ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས2024ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་གནས་ཚུལ་ཞིང་ཆེན་ཡོངས་ལ་ཁྱབ་བསྒྲགས་བྱས།
བརྡ་ཁྱབ་ལས་བསྟན་དོན། 2024ལོར་ཏང་ཨུ་དང་ཏང་ཙུའུ་སོ་སོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། བཅོས་བསྒྱུར་གྱི་སྙིང་སྟོབས་དང་ནན་ཏན་སྒོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ གི་འོས་འགན་མ་ལག་འཐུས་ཚང་དུ་བཏང་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་གཞི་རིམ་དུ་བསྲིངས་བར་སྐུལ་འདེད་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་མཁའ་དབུགས་ལ་ཤུགས་བསྣན་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་བ་བླངས། དཔྱད་ཞིབ་བྱ་བས་གཞི་རིམ་གྱི་ཁུར་བོ་ཇེ་ཉུང་དུ་གཏོང་བའི་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་འབུར་ཐོན་པ་དང་བྱ་བའི་གྲུབ་འབྲས་ལ་གཙིགས་ཆེན་བྱས་པ། དམིགས་ཚད་ཕྱོགས་ཡོངས་ནས་སྟབས་བདེ་ལེགས་བསྒྱུར་བྱས་པ། ཡུལ་དངོས་སུ་སོང་ནས་དཔྱད་ཞིབ་མི་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ས་གནས་ཀྱི་ལས་ཁུངས་སོ་སོའི་གཞི་རིམ་ལས་བྱེད་པ་ཡོངས་ཀྱིས་ཁས་ལེན་ཐོབ།
ཕྱོགས་བསྡུས་དཔྱད་འཇོག་བརྒྱུད། ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་ཁུལ། རྨ་ལྷོ་ཁུལ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་ཆེན་ལས་ཁུངས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན། ཞིང་ཆེན་སྲིད་གྲོས་ལས་ཁུངས། ཞིང་ཆེན་ཁྲིམས་འཛིན་ཁང་། ཞིང་ཆེན་ཞིབ་བཤེར་ཁང་། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དང་དོ་དམ་ཅུའུ། མཚོ་སྔོན་སློབ་ཆེན། ནུབ་ཁུལ་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་དངུལ་ཁང་། ཞིང་ཆེན་རྒྱལ་ཁབ་རྒྱུ་ནོར་མ་འཇོག་དོ་དམ་ཚད་ཡོད་ཀུང་ཟི། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་ཏང་ཨུ་དང་ཏང་ཙུའུ28ཕུལ་བྱུང་རིམ་པར་གདམས་ཐོན་བྱུང་བ་དང་། ལྷག་མའི་ཏང་ཨུ་དང་ཏང་ཙུའུ60ཅུང་བཟང་བའི་རིམ་པར་བདམས།
བརྡ་ཁྱབ་ལས་བཏོན་པའི་བླང་བྱ་ལྟར་ན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཞི་ཅིནཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཕྱོགས་ཡོངས་ནས་ཏང་གི་སྐབས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྲུན་གྱི་དགོངས་དོན་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་བསམ་བློར་སློབ་སྦྱོང་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་རང་འགུལ་གྱིས་ཕྲག་ཏུ་བླངས་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཕྱོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིམ་པ་སོ་སོའི་ཁྲིམས་བཤེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ཆབ་སྲིད་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་ཁེལ་ཅན། རྒྱུན་རྣམ་ཅན་དུ་སྐུལ་འདེད་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་གི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ནང་དོན་ལ་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། སྤྱོད་ཚུལ་ལེགས་སྐྱོང་གི་ལོ་གོ་སྐབས་སུ་བཟུང་ནས། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྤྱོད་གཙང་ཁྲིམས་ནན་དང་རུལ་སོང་ལ་ངོ་རྒོལ་བྱེད་པར་འབྲེལ་མཐུད་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་མུ་མཐུད་དུ་གཏིང་ཟབ་པའི་སྒོ་ནས་བཅོས་སྐྱོང་བྱེད་པ། ཁྲིམས་བཤེར་ཞིབ་དཔྱོད་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ལུགས་མཐུན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ། དུས་རབས་གསར་བའི་ཁྲིམས་བཤེར་ཞིབ་དཔྱོད་ཀྱི་རྒྱང་སྐྱོད་གསར་བ་རྒྱུན་མཐུད་ངང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གྲུབ་འབྲས་གསར་བས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ལེའུ་ཧུར་ཐག་གིས་འབྲི་བར་ནུས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།