ཟླ3པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་བུད་མེད་ལས་བཟོ་པའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བཟོ་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་བུད་མེད་ངལ་རྩོལ་པས་རླབས་ཆེན་བྱ་གཞག་བསྒྲུབ་པ་དང་དུས་རབས་ཀྱི་སྐྱོད་ལམ་སྟེང་ལེའུ་འབྲི་ཞེས་པའི་བུད་མེད་ངལ་རྩོལ་དཔེ་ལེགས་པའི་སྒྲོག་འགྲེལ་སློབ་རར་བསྐྱོད་པའི་བྱ་འགུལ་དེ་མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་དུ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་བུད་མེད་ལས་བཟོ་པ་དང་ན་གཞོན་སློབ་མའི་འཐུས་ཚབ་མི་སྣ་དྲུག་བརྒྱ་ཡུལ་དངོས་ཀྱི་བྱ་འགུལ་ལ་ཞུགས་ཤིང་། མི་འབུམ་གཅིག་ལྷག་གིས་དྲ་རྒྱའི་ཐད་གཏོང་ལ་བལྟས།
ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་ལས་བཟོ་པའི་བསམ་བློ་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། ཀྲུངཧྭའི་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ་ངོ་བརྒྱ་འཁོར་བ་དང་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུས་ནས། ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་བའི་སྙིང་སྟོབས་བཅས་སྔར་ལས་དར་སྤེལ་གཏོང་བ་དང་། སྒྲོག་འགྲེལ་ལ་བརྟེན་ནས་དྲང་ནུས་བརྒྱུད་སྤྲོད་བྱེད་ལ། སྙིང་སྟོབས་ལ་བརྟེན་ནས་ཕུགས་འདུན་སྙེག་མཁན་ལ་སྐུལ་མ་གཏོང་བ། ངལ་རྩོལ་པར་གཟི་བརྗིད་ལྡན་ཞིང་ངལ་རྩོལ་ལ་གུས་བཀུར་བྱེད་པ། ངལ་རྩོལ་རླབས་ཆེན་ཡིན་པ། ངལ་རྩོལ་པར་མཛེས་ཉམས་ལྡན་པ་བཅས་ཀྱི་དུས་རབས་ཀྱི་གཙོ་རྒྱུན་གླུ་དབྱངས་བླངས་ཏེ། རྒྱ་ཆེའི་ན་གཞོན་སློབ་མ་དང་ལས་བཟོ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་ནུས་པ་གཙོ་བོ་འདོན་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དེ་ཡིན།
སྒྲོག་འགྲེལ་གྱི་ཡུལ་དངོས་རྣམ་པར་ཛ་དྲག་ཆེ་ལ། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བའི་བྱ་དགའ་ཐོབ་མཁན་དང་རྒྱལ་ཡོངས་གསུམ་བརྒྱད་དར་དམར་འཛིན་མཁན། མཚོ་སྔོན་མཐོ་སྒང་གི་བཟོ་པ། མཚོ་སྔོན་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་འཛིན་མཁན་གྱི་དཔེ་དམག མཚོ་སྔོན་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་འཛིན་མཁན་སོགས་བུད་མེད་ངལ་རྩོལ་དཔེ་ལེགས་པ་མདུན་གྱིས་ཆེས་སྤྱིར་བཏང་གི་སྐད་ཆས་འཚར་ལོངས་ཀྱི་བརྒྱུད་རིམ་དང་བྱ་བའི་ཉམས་མྱོང། མི་ཚེའི་མྱོང་བ་བཅས་བཤད་པ་དང་། དུས་རབས་གསར་བའི་ཐོན་ལས་བཟོ་པས་ལས་གནས་སྟེང་རང་ཉིད་ལས་ཐོད་བརྒལ་བྱེད་པ་དང་ཕུལ་བྱུང་བརྩོན་ལེན་བྱས་པའི་བརྒྱུད་རིམ་གསལ་བཤད་བྱས་ལ། རྒྱ་ཆེའི་ལས་བཟོ་པ་དང་ན་གཞོན་སློབ་མའི་བྱ་བའི་བརྩོན་སེམས་དང་གསར་གཏོད་ཀྱི་སྒུལ་ཤུགས་ལ་སྐུལ་སློང་བྱས་ཏེ། ངལ་རྩོལ་ལ་བརྩི་བཀུར་དང་ལག་རྩལ་ལ་མཐོང་ཆེན། གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན།
བྱ་འགུལ་སྤེལ་སྐབས། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀུང་ཟིའི་བཟོ་ཚོགས་ཀྱིས་ཞབས་བྲོ་འཁྲབ་སྟོན་བྱས་པ་དང་། མཐོ་རིམ་ལག་རྩལ་སློབ་གླིང་གི་སློབ་མས་བརྙན་རིས་དང་འཕྲིན་ཡིག་སོགས་ཀྱི་རྣམ་པས་བུད་མེད་ངལ་རྩོལ་དཔེ་ལེགས་པར་བཅངས་པའི་གུས་སེམས་དང་མ་འོངས་པར་མཚོ་སྔོན་གྱི་ཐོན་ལས་འཛུགས་སྐྲུན་ལ་ཞུགས་པའི་ཆོད་སེམས་མཚོན་པར་བྱས།
ལྷ་མོ་འཚོས་བསྒྱུར།