ཉེ་བའི་ལོ་འདི་འགར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། གནད་ས་ནས་མགོ་རྩོམ་པ་དང་གནད་ས་དམ་འཛིན་གྱིས་སྦྲེལ་ཐག་ལ་སྐུལ་འདེད་གཏོང་བ། སྦྲེལ་ཐག་ལ་བརྟེན་ནས་ཡོངས་ཁེབས་ངོས་སྐུལ་ཁྲིད་བྱས་ཏེ། ཏང་འཛུགས་ཀྱིས་སྣེ་ཁྲིད་དང་། སྣ་མང་ཟབ་ཞུགས། མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་ཤུགས་ཆེན་པོས་འཛུགས་གྲུབ་བྱས།
ཏང་འཛུགས་ཀྱིས་གནད་སའི་སྣེ་ཁྲིད་པ་དངོས་འཛིན་ནན་མོ་བྱས་ཏེ། ཏང་དང་མང་ཚོགས་སྡེ་ཁག་གིས་སྡེ་བ་ཉམ་ཞན་སྐྱོང་བ་དང་སྲིད་ཁྲིམས་སྡེ་ཁག་གིས་སྡེ་བ་ཟང་ཟིང་སྐྱོང་བ། དཔལ་འབྱོར་སྡེ་ཁག་གིས་དབུལ་ཕོངས་སྡེ་བ་སྐྱོང་བའི་བྱ་བའི་བསམ་ཕྱོགས་འཚོལ་ཞིབ་བྱས་ཤིང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་དྲ་རྒྱ་ཅན་གྱི་དོ་དམ་ཡོངས་སུ་ཁེབས་པར་སྐུལ་འདེད་བཏང་ལ། དྲ་མིག་དོ་དམ་པ750སྟོབས་ཤུགས་གཙོ་བོ་བྱས་ཏེ། ཏང་འཛུགས་དང་དྲ་མིག་དོ་དམ། ཏང་ཡོན་དང་སྡོད་དམངས། ཏང་གི་ལས་དོན་དང་ཞབས་ཞུའི་ལས་དོན་བཅས་ཀྱི་བྱ་བའི་རྣམ་པར་སྐུལ་འདེད་ཧུར་ཐག་བཏང་ཞིང་། དྲ་མིག་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། དྲ་མིག་ཞབས་ཞུའི་ཕན་ནུས་མཐོར་འདེགས་བཏང་ལ། སློབ་ཆེན་སློབ་མས་སྡེ་བར་ལས་འགན་ཁུར་བའི་འགུལ་སྐྱོད་འཆར་གཞིར་སྐུལ་འདེད་ཏན་ཏིག་བཏང་ཞིང་། བརྒྱུད་སྤྲོད་རྐྱེན་སྲོལ་བཙུགས་པ་དང་གསོ་སྐྱོང་སོར་འཇོག་གི་ཕྲེང་འབྲེལ་ཧྲིལ་བོའི་གཞི་རིམ་བཅོས་སྐྱོང་གི་འཇོན་མིའི་དཔུང་ཁག་རྣམ་པ་རིམ་བཞིན་གྲུབ་པར་བྱས།
དམངས་ལ་ཞབས་འདེགས་ཞུ་བའི་སེམས་ཤུགས་སྦྲེལ་ཐག་སྣུར་སྲིང་བྱས་ཏེ། ཚིག་རྐང་དྲུག་མའི་འདུམ་འགྲིག་བྱེད་ཐབས་དང་འཆམ་མཐུན་མཐུན་པ་སྤུན་བཞིའི་བྱ་བའི་སྒྲུབ་སྟངས། སྲིད་གཞུང་གཅིག་ལ་སོ་གཉིས་ཀྱི་འདུམ་འགྲིག་རྐྱེན་སྲོལ་དང་འགལ་རྩོད་གཙོ་བོ་འགན་སྒྲུབ་ལྟ་སྐུལ་སོགས་ཀྱི་ཐབས་ལམ་མང་པོ་ཁྱབ་གདལ་དུ་བཏང་བ་དང་། རྫོང་རིམ་པའི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ལ་བརྟེན་ནས་ཡུལ་ཚོ་དང་སྡེ་བའི་ལྟེ་གནས་ས་ཚིགས་ལ་ནུས་པ་བསྩལ། ཡུལ་ཚོ་དང་གྲོང་རྡལ་ནས་བརྡ་རྒྱག་པ་དང་སྡེ་ཁག་གིས་མིང་ཐོ་འགོད་པའི་བྱ་བའི་རྐྱེན་སྲོལ་སྲ་བརྟན་དུ་བཏང་སྟེ། རྩིས་ཐོ་གཅིག་དང་བྱང་བུ་གསུམ། ཞབས་ཞུ་བཞི་ཡི་གསལ་ཁྲའི་རྣམ་པའི་དོ་དམ་ལག་བསྟར་བྱས་ནས། ཏང་འཛུགས་བྱ་བ་མཉམ་སྤེལ་དང་སྡེ་ཁུལ་ཞབས་ཞུ་མཉམ་སྒྲུབ། སྡོད་དམངས་ཀྱི་དཀའ་གནད་མཉམ་སེལ། བཅོས་སྐྱོང་གྲུབ་འབྲས་མཉམ་སྤྱོད་བཅས་མངོན་འགྱུར་བྱུང་།
མཉམ་བཅོས་མཉམ་སྤྱོད་ཀྱི་ཡོངས་ཁེབས་ངོས་རྒྱ་བསྐྱེད་དེ། གནད་དོན་ཁྲིད་ཕྱོགས་སུ་འཛིན་པའི་ཏང་ཨུ་དང་ཏང་ཙུའུ་ཧྲུའུ་ཅིའི་གཞི་རིམ་བཅོས་སྐྱོང་འགན་འཁྲི་དངོས་འབེབས་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། དབྱེ་ཞིབ་བརྡར་གཅོད་དང་གྲུབ་འབྲས་ཁྱབ་བསྒྲགས། ལས་རིམ་བཞིན་མིང་ཐོ་གསུབ་པའི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་བ་བཙུགས་ནས་ལོ་ཧྲིལ་བོར་བསྡོམས་རྩིས་བྱས་ན་མངོན་མེད་ཉེན་ཁ་རིགས་སྣ400ལྷག་ཞིབ་འཇུག་བརྡར་གཅོད་དང་ཡོངས་སུ་སེལ་བར་བྱས།
རིག་འཛིན་སྒྲོལ་མས་བསྒྱུར་བ།