ཟླ3པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིང་ཆེན་སྲིད་འཛིན་སློབ་གླིང་དང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ལས་བྱེད་པའི་སློབ་གླིང་གིས་འགན་སྒྲུབ་བྱས་པའི2025ལོའི་ཁུ་ནུའི་འཆད་ཁྲིད་ཆེན་མོ་སྐབས་དང་པོ་དྲ་ལམ་ནས་བསྡུས། ཀྲུང་གོའི་འཕེལ་རྒྱས་བཅོས་སྒྱུར་ཚགས་པར་ཁང་གི་མགོ་གཙོ་གཞོན་པ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་དམིགས་བསལ་གདན་ཞུས་དཔྱད་འཇོག་པ་དབྱང་ཡུས་ཀྱིས་ཁ་བྱང་ལ2025ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་འགྲེལ་ཀློག་ཅེས་པའི་ཆེད་དོན་འཆད་ཁྲིད་བྱས།
འཆད་ཁྲིད་ལས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་པའི་བྱ་འགུལ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྲིད་གཞུང་བྱ་བའི་སྙན་ཞུ་སོགས་ཀྱི་ནང་དོན་གཙོ་བོར་དམ་པོར་དམིགས་ནས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་དང་། དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ། རིམ་པ་ཟབ་པའི་བཅོས་སྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་སོགས་ཁྱབ་ཁོངས་གཙོ་བོའི་བྱ་བའི་ལས་འགན་ལ་དམིགས་པ་དང་། སྔར་ལས་གཅིག་བསྡུས་དང་སྔར་ལས་མདུན་གྲལ་དུ་བསྐྱོད་པ། སྔར་ལས་དོན་སྙིང་ལྡན་པ་བཅས་ཀྱི་དངོས་དཔེར་བརྟེན་ནས་དབྱེ་ཞིབ་དང་འགྲེལ་ཀློག་ཞིབ་མོ་བྱས་པས། རང་ཞིང་གི་རྒྱ་ཆེའི་ལས་བྱེད་པའི་གདེང་འཇོག་ལེགས་པོ་ཐོབ། ཚང་མས་ལང་ལོང་སྒོས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཉིས་འབྲེལ་མཐུད་བྱེད་པ། དངོས་ཡོད་ལ་རྐང་འཛུགས་པ་དང་ཡུལ་བབ་དང་བསྟུན་པ། འཕེལ་རྒྱས་ཀྱི་ངེས་ཤུགས་སྲུང་འཛིན་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན། ཡིད་ཆེས་དང་ཆོད་སེམས་བརྟན་པོ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་མཁན་དང་འགུལ་སྐྱོད་པ། དངོས་སྒྲུབ་མཁན་བཅས་ལ་བརྩོན་ལེན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བའི་སྐྱོད་ལམ་སྟེང་འཇོན་ནུས་མངོན་དགོས།
གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་ལས་བྱེད་པ་ཉིས་སྟོང་དྲུག་བརྒྱ་ལྷག་གིས་འཆད་ཁྲིད་ལ་ཉན།
ལྷ་མོ་འཚོས་བསྒྱུར།